《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月06日

ལྷ་ས་གྲོང་ཁྱེར་གྱི་དམངས་ཡོངས་རླངས་འཁོར་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་རིང་།

རླངས་འཁོར་ཚོང་ཚད་སྒོར་དུང་ཕྱུར་ གཅིག་ལས་བརྒལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་ཚན་པའི་ཁྲིད་སྟོན་འོག རང་སྐྱོང་ལྗོངས་རླངས་འཁོར་འཁོར་རྒྱུག་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་དམངས་ཡོངས་རླངས་འཁོར་དངོས་མང་སྟོན་ཚོགས་སྐབས་གཉིས་པ་དང་སྲོག་རྟེན་འགན་བཅོལ་གྱི་རླངས་འཁོར་ཉོ་བའི་དུས་ཆེན་བདེ་བླང་ངང་གཉེར་ཅིང་། བྱེད་སྒོའི་རིང་རླངས་འཁོར་600ལྷག་བཙོངས་ནས་དངུལ་འབོར་སྒོར་དུང་ཕྱུར་1.01ཟིན་ཡོད་པ་རེད།

ཏོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས། འདི་ལོའི་ཟླ་དང་པོ་ནས་དྲུག་པའི་བར་རང་ལྗོངས་ཀྱི་རླངས་འཁོར་འཛད་སྤྱོད་ཁྲོམ་རར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། རང་ལྗོངས་ཀྱི་རླངས་འཁོར་ཁྲོམ་ར་སླར་གསོ་བྱས་ནས་ལྗོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་ལེགས་སུ་དང་འཛད་སྤྱོད་ཀྱི་གཏིང་ཤུགས་འཕེལ་བར་བྱ་ཆེད་ད་རེས་ཀྱི་བྱེད་སྒོ་འདི་གཉེར་བ་རེད། བྱེད་སྒོའི་རིང་། ཚོང་པ་ཚོས་དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་རིན་གོང་གཅོག་པ་དང་། ཁ་གསབ་སྤྲོད་པ། བྱ་དགའ་འཐེན་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། ཁྱོན་རླངས་འཁོར་སྤུས་རྟགས་30ལྷག་ཙམ་ཡོད་པ་དེ་དག་གིས་ཆ་སྙོམས་ཉིན་རེར་འཛད་སྤྱོད་པ་ཁྲི་3ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད་པ་རེད། (དམ་ཆོས་མི་ཕམ་དང་བདེ་སྐྱིད་དབང་མོས་སྒྱུར་ཞུས་བྱས)