《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月06日

སྔོ་ལྗང་གོས་ཀྱིས་བཀླུབས་པའི་ རྩྭ་ཐང་།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་འདམ་ར་སྲུང་སྐྱོང་གི་མ་ལག་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས་མིག་སྔར་རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བྱས་པའི་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་སོགས་རིགས་མང་བའི་འདམ་ར་སྲུང་སྐྱོང་གི་མ་ལག་རགས་ཙམ་ཆགས་ཡོད། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གྲངས་གཞི་ལས་མངོན་པར། མིག་སྔར་རང་ལྗོངས་སུ་འདམ་ར་སྣ་ཚོགས་སྤྱི་ཆིང་ཁྲི་650ལྷག་ཙམ་ཡོད་པ་དང་རང་རྒྱལ་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཁྲོད་ནས་ཨང་གཉིས་པར་སླེབས་ཡོད། འདི་ནི་གཞིས་རྩེ་གྲོང་ཁྱེར་མྱང་ཆུ་གཙང་པོའི་འདམ་རའི་ཟུར་ཞིག་ཡིན་པ།