《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月06日

བོད་ཀྱི་བདེ་ཐང་ཇ་ལོ་འགྲེམས་ཚོང་ལྟེ་གནས་ཚོང་གཉེར་བྱེད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཟླ་7ཚེས་3ཉིན། བོད་ཀྱི་བདེ་ཐང་ཇ་ལོ་འགྲེམས་ཚོང་ལྟེ་གནས་ལྷ་སར་བཙུགས་ནས་ཚོང་གཉེར་བྱེད་འགོ་ཚུགས་པ་རེད།

བོད་ཀྱི་བདེ་ཐང་ཇ་ལོ་འགྲེམས་ཚོང་ལྟེ་གནས་ནི་རང་ལྗོངས་ཀྱི་བདེ་ཐང་ཇ་ལོ་ཕྱིར་ཚོང་ལྟེ་གནས་དང་པོ་དང་། བདེ་ཐང་ཇ་ལོའི་ཚན་རིག་ཁྱབ་གདལ་གཏོང་ཡུལ་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་བཅས་ཡིན་པ་རེད། དེར་བོད་ཀྱི་རིག་གནས་དང་། ཇའི་རིག་གནས། ཇ་རྟའི་གནའ་ལམ། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་སོགས་ཀྱི་འགྲེམས་ཁུལ་ཡོད་ལ། སྣ་མང་སྨྱན་སྦྱོར་བརྒྱུད་བདེ་ཐང་ཇ་ལོ་ཐོན་སྐྱེད་ཕྱིར་ཚོང་དང་། ཚན་རིག་དང་མཐུན་པའི་དབྱེ་འབྱེད་བྱེད་སྟངས་དང་། དེ་བཞིན་ཇ་སྐོལ་སྟངས་དང་འཐུང་སྟངས་སོགས་ཀྱི་ནང་དོན་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་ཀྱི་ཡོད་པ་རེད། དེའི་དམིགས་ཡུལ་ནི་མང་ཚོགས་ལ་ཇ་རྟའི་གནའ་ལམ་གྱི་འབྱུང་རབས་དང་། དེ་བཞིན་མཐའ་མཚམས་ཀྱི་ཇའི་ཚོང་ལས་ཡག་པོ་སྤེལ་བའི་དོན་སྙིང་གལ་ཆེན་རྒྱུས་ལོན་བྱེད་དུ་འཇུག་ཆེད་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་དེར་སི་ཁྲོན་དང་ཡུན་ནན་གྱི་ཇ་ལོའི་ལས་རིགས་ཀྱི་ཁེ་ལས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་དང་། ལྷག་པར་དུ་གཡག་རྔའི་ཇ་ལོ་བཟོ་གྲྭས་འགྲེམས་ཚོང་ལྟེ་གནས་ལ་དཔྱད་གཞི་གལ་ཆེན་ཁག་གཅིག་དང་དེ་བཞིན་མཐའ་མཚམས་ཀྱི་ཕྱིར་ཚོང་ཇའི་མ་དཔེ་མཁོ་འདོན་བྱས་ཡོད་པ་རེད། (དམ་ཆོས་མི་ཕམ་དང་བདེ་སྐྱིད་དབང་མོས་སྒྱུར་ཞུས་བྱས)