《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月06日

ལྗོངས་ཞིང་ལས་གྲོང་གསེབ་ཐིང་སྤུས་བཤེར་ལྟེ་གནས་ཀྱི་ཚོད་ལྟ་ཁང་ལ“བདེན་དཔང་ར་སྤྲོད་གཉིས”ཀྱི་ཞིབ་དཔྱད་ཁས་ལེན་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བརྟག་བཤེར་ཞིབ་དཔྱད་ལྟེ་གནས(གཤམ་དུ་ལྗོངས་སྤུས་བཤེར་ལྟེ་གནས་ཞེས་བསྡུ་རྒྱུ)ལ་བརྟག་བཤེར་ཞིབ་དཔྱད་ལས་ཁུངས་ཀྱི་འོས་ཐོབ་གཏན་འཁེལ་དང་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཞིབ་དཔྱད་ལས་ཁུངས་ཀྱི་དཔྱད་ཞིབ(གཤམ་དུ་བདེན་དཔང་ར་སྤྲོད་གཉིས་ཞེས་བསྡུ་རྒྱུ)བདེ་བླག་ངང་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤུས་ཚད་ལ་བརྟེན་ནས་ཞིང་དར་དང་ཐོན་ལས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ཐོན་རྫས་ཀྱི་བརྟག་བཤེར་ཞིབ་དཔྱད་ལས་ཁུངས་ཀྱི་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས“བདེན་དཔང་ར་སྤྲོད་གཉིས”ཀྱི་ལས་དོན་དེ་འདི་ལོའི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལས་དོན་ཁྲོད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་པ་དང་། མིག་སྔར་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཐུན་སྦྱོར་བྱས་པ་བརྒྱུད། རིགས་གཅིག་མཁས་ཅན་དང་ལྟ་ཞིབ་པ་མངགས་ཏེ་དུས་ཡུན་ཉིན་3གྱི་ས་གནས་ས་ཐོག་གི་དཔྱད་ཞིབ་བྱས་ཤིང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ“བདེན་དཔང་ར་སྤྲོད་གཉིས”ཀྱི་དཔྱད་ཞིབ་ཐུབ་པའི་བསམ་འཆར་སྒྲོག་སྦྱངས་བྱས་པ་རེད།