《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月01日

ལྷ་ཉིང་ལྕགས་ལམ་གྱི་ན་གཞོན་འཕྲལ་སྒྲུབ་རུ་ཁག་གིས་འགན་འཁྲི་ལྕི་པོ་ཁུར་ནས་འཐབ་ས་དང་པོར་བསྐྱོད་པ།

འདི་ནི་ལྷ་ཉིང་ལྕགས་ལམ་སྐྱིད་ཐང་ཕུག་ལམ་ནང“ན་གཞོན་འཕྲལ་སྒྲུབ་རུ་ཁག”གི་བཟོ་པ་ཚོས་གློག་ཤར་གཏོང་ཡག་པོ་ཐུབ་ཆེད་སྒྲིག་ཆས་རྩེ་གྲ་སྒྲིག་སྦྱོར་བྱེད་བཞིན་པ།

ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་དུམ་བུའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་216.5ཡོད་པའི་ཕུག་ལམ་47དེ་དག་རིམ་བཞིན་ཏལ་འབིགས་ཐུབ་ནས་ཁྲོན་བོད་ལྕཌ་ལམ་ལྷ་ཉིང་དུམ་བུའི་ལས་གྲྭ་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལྷ་ཉིང་ལྕགས་ལམ་གྱི་འཕྲིན་གཏོང་དང་། བརྡ་རྟཌ། གློག་ཤུགས། གློག་རླངས་ཅན་བཅས་རྣམ་གྲངས་བཞིའི་ཕུག་ལམ་བསྐྲུན་པའི་འགག་སྒྲོལ་དམག་འཐབ་རྒྱག་པའི་མཚམས་སུ་སླེབས་པ་མཚོན་ཡོད། ཕུག་ལམ་ནང་གི་ཞོར་གཏོགས་ལས་གྲྭ་ཚང་མ་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་ཉིང་ལྕགས་ལམ་གྱི་འཕྲིན་གཏོང་དང་། བརྡ་རྟགས། གློག་ཤུགས། གློག་རླངས་ཅན་བཅས་རྣམ་གྲངས་བཞིའི་ལས་ཡུལ་དུ་ལས་ཀ་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

ལྷ་ཉིང་ལྕགས་ལམ་གྱི་ཕུག་ལམ་སྐྲུན་ཡུལ་དུ་དམིགས་བསལ་གྱི་ཚོགས་སྤྱི་ཞིག་ཡོད་པ་དང་ཁོང་ཚོས་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ་དང་ཉིན་མཚན་བལྟོས་མེད་ངང་ལས་རེས་བྱས་ཏེ་ལས་གྲྭའི་དུས་མཚམས་ཁག་འགན་ལེན་བྱེད་བཞིན་ཡོད་པ་རེད། ཁོང་ཚོ་ནི་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ཚོཌ་པའི་ལྷ་ཉིང་ལྕགས་ལམ་གྱི་འཕྲིན་གཏོང་དང་། བརྡ་རྟཌ། གློག་ཤུགས། གློག་རླངས་ཅན་བཅས་རྣམ་གྲངས་བཞིའི་ན་གཞོན་འཕྲལ་སྒྲུབ་རུ་ཁག་རེད། ན་གཞོན་འཕྲལ་སྒྲུབ་རུ་མི་30ཡི་ཁྲོད་རྣམ་གྲངས་དོ་དམ་པ་དང་། ལག་རྩལ་མི་སྣ། ལས་སྒྲུབ་རུ་ཁག་གི་རུ་དཔོན་བཅས་ཡོད། ཁོང་ཚོས་ཉིན་ལྟར་ལས་ཀ་ཆུ་ཚོད་10ཡན་བྱེད་པ་དང་ལས་ཡུལ་དངོས་ཀྱི་ལས་འགན་ལྕི་བས་མཚན་མོ་ལས་དུས་འཕར་མ་བྱེད་སྐབས་འཕྲལ་སྒྲུབ་རུ་མིས་ཐོ་རེངས་བར་ལས་ཀ་བྱེད་དགོས་ཀྱི་ཡོད་པ་རེད།

ཨར་སྐྲུན་ལས་འགན་གྱི་བརྡ་ཐོ་འབྱོར་རྗེས་དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། ཕུག་ལམ་ནང་ལས་དུས་འཕར་མ་བྱེད་པ་སོགས་ཀྱི་དཀའ་གནད་སྣ་ཚོགས་འཕྲད་སྐབས་འཕྲལ་སྒྲུབ་རུ་ཁག་གི་རུ་དཔོན་ཅ་ཧུང་ལིན་གྱིས་བློ་བརྟན་འགྱུར་མེད་ངང“ང་ཚོ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཡིན་པས་འགག་སྒྲོལ་སྐབས་ང་ཚོས་ཧུར་ཐག་བྱེད་དགོས་ངེས་རེད”ཅེས་བཤད།

འདི་ལོ་ཚུན་དུ་ལྷ་ཉིང་ལྕགས་ལམ་གྱི་འཕྲིན་གཏོང་དང་། བརྡ་རྟགས། གློག་ཤུགས། གློག་རླངས་ཅན་བཅས་ཀྱི་རྣམ་གྲངས་བཞི་ལས་འགོ་ཚུགས་ནས་ཕུག་ལམ་ཚང་མ་ཏལ་འབིགས་ཐུབ་པ་དང་སྦྲགས་ཕུག་ལམ་ནང་གི་ཨར་ལས་ཀྱང་རྣམ་གྲངས་བཞིའི་གལ་ཆེའི་ནང་གི་འགངས་ཆེན་དུ་གྱུར་ཡོད། ལས་ཀ་སྔ་ཙམ་ལེགས་གྲུབ་ཡོང་ཆེད། འཕྲལ་སྒྲུབ་རུ་ཁག་གིས་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་པ་དང་ཕུག་ལམ་ནང་གི་ཐལ་རྡུལ་དང་། དྲོད་ཚད་མཐོ་བ། གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་ལས་ཀ་ཧུར་ཐག་བྱས་ཏེ་རྣམ་གྲངས་ཡོངས་ཀྱི་ཨར་ལས་ལ་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཡོད།