《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月01日

རྐང་འཁོར་བཞོན་ནས་བདེ་ཐང་འཚོ་བར་རོལ།

ཉེ་ཆར། ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་སྡེ་ཁུལ་གྱི་དང་བླངས་པ་དང་གྲོང་མིའི་འཐུས་མི་སྒྲིག་འཛུགས་བྱས་ཏེ“རྐང་འཁོར་བཞོན་ནས་ཐཱན་ཉུང་གི་འཚོ་བར་རོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྐང་འཁོར་བཞོན་པའི་བྱེད་སྒོ་སྤེལ་བ་དང་། སྡེ་ཁུལ་གྱི་དང་བླངས་པ་20ལྷག་ཙམ་ཞུགས་པ་རེད། ད་ཐེངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་རྣམས་ལུས་སྦྱོང་ནང་ཧུར་ཐག་ཞུགས་པ་དང་། ཡ་རབས་ཀྱི་འཚོ་བའི་གོམས་གཤིས་བཟང་པོ་འཇགས་པ། ལྗང་མདོག་བདེ་ཐང་དང་ཐཱན་ཉུང་གི་འཚོ་བའི་འདུ་ཤེས་འཛུགས་པ། རྒྱ་ཆེའི་མང་ཚོགས་རྣམས་ཐཱན་ཉུང་གི་འཚོ་བའི་ནང་ཞུགས་རྒྱུར་འབོད་སྐུལ་བཅས་བྱས་ཏེ་ཡ་རབས་ཀྱི་བྱ་སྤྱོད་འདི་འདྲ་བ་མི་ཚང་མའི་རང་འགུལ་བྱ་སྤྱོད་དུ་འགྱུར་རྒྱུར་ལྕག་སྐུལ་བྱ་ཆེད་རེད། འདི་ནི་རྐང་འཁོར་བཞོན་མཁན་གྱིས་རྐང་འཁོར་བཞོན་ནས་སྐྱོད་བཞིན་པ།