《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月01日

མངའ་རིས་ས་ཁུལ་དུ་ཞིང་པ་ལས་མིའི་གླ་ཆའི་ཁག་ཐེག་དངུལ་ཁྱོན་ཡོངས་ལ་ཁྱབ་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་པ་ལས་མིར་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པའི་ལས་དོན་དེ་རྒྱ་ཆེའི་ཞིང་པ་ལས་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དང་། ངལ་རྩོལ་གྱི་འབྲེལ་བ་ཞི་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པའི་དམངས་འཚོའི་འདུ་འགོད་ཅིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ། འགྱངས་ཆད་བཅོས་སྒྲིག་དང་གཏོང་སྤྲོད་འགན་ལེན་གྱི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་རེད།

མིག་སྔར་མངའ་རིས་ས་ཁུལ་གྱིས་ས་ཁུལ་གྱི་ནོར་སྲིད་མ་དངུལ་སྒོར་ཁྲི་2000དང་རྫོང་རིམ་པའི་ནོར་སྲིད་མ་དངུལ་སྒོར་ཁྲི་200ཡན་གྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ས་ཁུལ་གྱི་ནོར་སྲིད་ཀྱིས་སྒོར་ཁྲི་100ཡི་ཞིང་པ་ལས་མིའི་གླ་ཆ་འདེད་ལེན་བཅའ་ཁྲིམས་རོགས་སྐྱོབ་ཀྱི་ཆེད་དོན་མ་དངུལ་དོན་འཁྱོལ་བྱས་ཏེ་ཞིང་པ་ལས་མིའི་གླ་ཆའི་ཁག་ཐེག་དངུལ་དང་ཕྱོགས་གསུམ་པའི་འགན་ལེན་ཡི་གེ་འཇོག་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ་རེད།

འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་མངའ་རིས་ས་ཁུལ་གྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་32ཐག་གཅོད་བྱས་པར་ལས་མི་460དང་དངུལ་འབོར་སྒོར་ཁྲི་264.352དང་འབྲེལ་བ་ཡོད་པ་དང་། ས་ཁུལ་འགྲིམ་འགྲུལ་སྡེ་ཚན་གྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་4ཐག་གཅོད་བྱས་པར་ལས་མི་11དང་དངུལ་འབོར་སྒོར་ཁྲི་38.5དང་འབྲེལ་བ་ཡོད་ཅིང་། གྱོད་གཞི་ཐག་གཅོད་འདུམ་འགྲིག་ཐུབ་ཚད་100%ཟིན་ཡོད་པ་རེད།