《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月01日

སེམས་ཤུགས་རབ་འཕེལ་གྱི་ལོ་ཟླ། འབད་འབུངས་མདུན་སྐྱོད་ཀྱི་དུས་རབས།

ཟླ་6ཚེས་29ཉིན་བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭས་ཏང་དབུ་བརྙེས་ནས་ལོ་99འཁོར་བ་དང་བཟོ་གྲྭ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། ལོ་50ཡི་རིང་ཤིན་ཧྭ་པར་འདེབས་པ་མི་རབས་དུ་མས་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་བྱས་པ་བརྒྱུད། དཔེ་དེབ་དང་དུས་དེབ་ཁོ་ན་པར་འདེབས་བྱེད་པའི་ཁེ་ལས་དེ་ད་ཆ་དཔེ་དེབ་དང་དུས་དེབ་པར་འདེབས་གཙོ་བོར་བྱེད་པ་དང་དཔེ་དེབ་དང་། དུས་དེབ། འཛིན་ཤོག་སོགས་གཅིག་ལྕོགས་སུ་པར་འདེབས་བྱེད་པའི་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་གཞུང་ཁོངས་པར་འདེབས་ཁེ་ལས་ཤིག་ཏུ་གྱུར་པ་དང་། ཐོན་རྫས་རིན་ཐང་ཡང་བཟོ་གྲྭ་བཙུགས་པའི་ཐོག་མའི་དུས་ཀྱི་སྒོར་ཁྲི་100ལྷག་ཙམ་ནས་སྒོར་ཁྲི་300ལྷག་ཙམ་བར་དང་ད་ཆ་སྒོར་ཁྲི་7000བར་འཕར་བ་མ་ཟད། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་མཉམ་སྡེབ”དང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ”སོགས་ཀྱི་མཚན་སྙན་ཡང་སྔ་རྗེས་སུ་ཐོབ་ཡོད།

འདི་ནི་བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭའི་ལས་བཟོས་རྟེན་འབྲེལ་བྱེད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།