《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月01日

ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས།

ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རམ་འདེགས་བྱེད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་29ཉིན་གནས་ཚུལ་འབྱོར་གསལ། རིམས་ནད་ཐོན་རིང་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང“བརྟན་པོ་དྲུག”ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ཏན་ཏིག་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭར་ཡོང་སྟེ“ཁེ་ལས་སུ་སྐྱོད་པ་དང་། སྲིད་ཇུས་དྲིལ་བསྒྲགས། ཞབས་ཞུ་སྒྲུབ་པ་བཅས་བྱས་ནས་རིམས་ནད་ཐོན་རིང་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རམ་འདེགས་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་སྣོད་བཅུད་ཁོར་ཡུག་ཐིང་གི་བྱེད་སྒོའི་ནང་ཞུགས་མཁན་ཏང་ཡོན་ཚོས་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ལས་དོན་མི་སྣར་རིམས་ནད་ཐོན་རིང་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱ་རྒྱུའི་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་། དེ་བཞིན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་གི་རིམས་ནད་བདེ་འཇགས་འགོག་ཟོན་ཤེས་བྱ་ངོ་སྤྲོད་བྱས་པ་མ་ཟད། ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བར་བཙོག་ཆུ་གཙང་གསིང་བྱེད་མཁན་ཁེ་ལས་ཀྱི་སྦགས་བཙོག་ཕྱིར་འབུད་ཀྱི་ཚད་གཞི་སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ལག་རྩལ་གྱི་ཚད་གཞི་འགྲེལ་བཤད་བརྒྱབ་པ་དང་། བཙོག་ཆུ་གཙང་བསིང་བཟོ་གྲྭས་རང་འགུལ་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་གཉེར་སྐྱོང་དང་སྲུང་སྐྱོང་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱས་པ། ཐོན་སྐྱེད་བརྒྱུད་རིམ་ནན་དུ་གཏོང་བ་བཅས་བྱས་ཏེ་ཆུའི་སྤུས་ཚད་ཚད་གཞི་ལོན་ནས་ཕྱིར་འབུད་ཐུབ་པའི་འགན་ལེན་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་དང་བོད་ཀྱི་རི་སྔོ་ཆུ་དྭངས་སྲུང་སྐྱོང་ཡག་པོ་ཐུབ་པ་བྱས་པ་རེད།