《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月01日

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ཀུའོ་མིང་དབྱི་བཅས་པ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་28ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའོ་མིང་དབྱིས་སྣེ་ཁྲིད་གནང་བའི་ཀུའོ་མིང་དབྱིའི་གཅེས་སེམས་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཅེས་ཀུའོ་མིང་དབྱི་བཅས་པ་བོད་དུ་ཕེབས་ནས་གཅེས་སེམས་རོགས་སྐྱོར་བྱེད་སྒོ་སྤེལ་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཁྱེད་ནི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་ཞིག་དང་དུས་རབས་གསར་པའི་ལེ་ཧྥུང་གི་སྙིང་སྟོབས་བརྒྱུད་སྤྲོད་གནང་མཁན་ཞིག་རེད། ཁྱེད་ཀྱི་སྔོན་ཐོན་བྱས་རྗེས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་གཅེས་སེམས་ལེགས་སྐྱེས་འབུལ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་སོགས་ལ་སློབ་གསོ་དང་། སྐུལ་ལྕག སྣེ་ཁྲིད་བཅས་བྱས་ཡོད་ལ། ད་ཐེངས་ཆེད་མངགས་བོད་དུ་ཕེབས་ནས་གཅེས་སེམས་རོགས་སྐྱོར་བྱེད་སྒོ་སྤེལ་བ་དེས། ལྗོངས་ཡོངས་སུ་ཚུར་སྣང་ལན་ཆ་ཤུགས་ཆེན་ཐོན་ངེས་རེད་ཅེས་གསུངས་པ་རེད། ཝུའུ་དབྱིང་ཅེས་མིག་སྔར་ང་ཚོ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་གནས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་དང་ལས་འགན་ལེགས་གྲུབ་བྱ་རྒྱུ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་འགན་ལེན་བྱ་ཆེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) སྔོན་ཐོན་དཔེ་བཟང་མི་སྣ་མིག་དཔེར་བྱེད་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ། ཀུའོ་མིང་དབྱི་ཡི་ཚོགས་པའི་གཅེས་སེམས་ཆེན་པོ་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བརྒྱུད་སྤྲོད་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་བསམ་པའི་སྒུལ་ཤུགས་དང་ཀུན་སྤྱོད་ཀྱི་ཉིང་བཅུད་ཟམ་མི་ཆད་པར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཀུའོ་མིང་དབྱི་ཡིས་ད་ཐེངས་བོད་དུ་ཡོང་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མཐོང་བྱུང་བས། ང་ལ་བག་ཆཌ་ཟབ་མོ་བཞག་བྱུང་ཞེས་གསུངས་ཤིང་། ཁོང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་ཞུས་ཏེ་གཅེས་སེམས་ཚོཌ་པའི་སྙིང་སྟོབས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོཌ་སུ་གཏོང་བ་དང་གཅེས་སེམས་བྱ་གཞག་གི་གཏིང་ཚད་དང་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ལ་ནུས་པ་འདོན་པ་དང་སྟོབས་ཤུཌ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།