《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月29日

རང་ལྗོངས་ཀྱིས།

དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ལས་སྒོའི་རྐང་འཛིན་པ་གསོ་སྐྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ལས་སྒོའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་ནས་ཡོང་བའི་ལས་དོན་དེའི་ཁག་བགོས་དོ་དམ་གྱི་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་ཤེས་དཔལ་གཞུང་དོན་ཁང་གི་ཀྲུའུ་རེན་སོགས་ལས་སྒོའི་རྐང་འཛིན་པ་90ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

གསོ་སྦྱོང་བྱེད་རིང་སློབ་མ་ཚོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སོགས་སུ་རྟོག་ཞིབ་བྱས་ཤིང་། སློབ་མ་ཀུའེ་མིང་ཧའེ་ཡིས་རྟོག་ཞིབ་བྱེད་སའི་ས་ཆ་དེ་དག་གི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ཧ་ཅང་མངོན་གསལ་དོད་པས་གོམ་སྟབས་རྗེས་མའི་ལས་དོན་ལ་དཔེ་ལྟ་ས་མཁོ་འདོན་ཐུབ་ངེས་རེད་ཅེས་བཤད། རྟོག་ཞིབ་མཇུག་འགྲིལ་རྗེས་སློབ་མ་ཚོས་གཅིག་སྡུད་ཐོག་འཁྲབ་ཚན་ཐུང་ངུ《རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ》ལ་བལྟས་པ་དང་ལྗོངས་ཤེས་དཔལ་གཞུང་དོན་ཁང་གི་འགན་འཁུར་བས་སློབ་མས་བཏོན་པའི་དྲི་བར་ལན་བཏབ་པ་རེད།