《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་མཐོ་རླབས་གསར་པ་འཕྱུར་བ།

《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཟླ་5ཚེས་1ཉིན་ནས་ལག་བསྟར་བྱས་ཡོད། གང་འདྲ་བྱས་ཏེ《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནུས་ལྡན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད། གསར་འགོད་པས་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་སྟོབས་ཆེན་ལ་བཅའ་འདྲི་ཞུས་པ་ཡིན།

སྟོབས་ཆེན་གྱིས“ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་དེ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ནང་དོན་གལ་ཆེན་ཞིག་རེད། 《སྲོལ་ཡིག》བཟོས་ནས་བཏོན་པ་དེ་ནི་རང་ལྗོངས་ཀྱིས་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། བོད་རང་སྐྱོང་ལྗོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ཞིབ་ཕྲའི་མངོན་ཚུལ་ཞིག ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་བཅས་ཡིན་པས། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད”ཅེས་གསུངས་བྱུང་།

《སྲོལ་ཡིག》བཏོན་རྗེས། ཁོང་གིས་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱི་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་སྔ་རྗེས་སུ་མངའ་རིས་དང་། གཞིས་རྩེ། ཉིང་ཁྲི་སོགས་ས་ཁུལ་དང་གྲོང་ཁྱེར་དང་དེ་བཞིན་ཁོངས་གཏོགས་རྫོང་དང་ཤང་ཁག་གི་འབྲེལ་ཡོད་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་དང་དཔེ་སྟོན་ཚན་པར་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གཏིང་ཟབ་གནང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས་བརྟག་ཞིབ་བྱེད་སྐབས《སྲོལ་ཡིག》བཏོན་རྗེས་རང་སྐྱོང་ལྗོངས་ཀྱི་ལྗོངས་ཐད་གཏོགས་ལས་ཁུངས་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱིས《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་རྣམ་པའི་ཐོག་ནས་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ནས་ཟུར་ཁྲིད་སྙན་ཞུ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད《སྲོལ་ཡིག》གཅིག་སྡུད་ཐོག་སློབ་སྦྱོང་བྱས་ཏེ《སྲོལ་ཡིག》དེ་བས་ལེགས་པའི་སྒོ་ནས་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་ཤེས་རྟོགས་བྱུང་ཞེས་བརྗོད་བྱུང་།

“《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་བྱ་རྒྱུ་དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། 《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལག་ཆར་བརྩི་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་བ་དང་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ངེས་པར་དུ་སྦྱོང་དགོས་ངེས་ཀྱི་ནང་དོན་དང་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་བཞག་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལ་ངོས་འཛིན་ཐུབ་ཚད་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་མཐོ་རླབས་འཕྱུར་བ་བྱེད་དགོས”ཞེས་བརྗོད་བྱུང་།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)