《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

གཟི་རྩ་སྡེ་དགུའི་དོམ་ཁྲ་གླིང་སྒོ་ཕྱེ་ནས་ཡུལ་སྐོར་བ་བསུས་པ།

ཉེ་ཆར། སི་ཁྲོན་གཟི་རྩ་སྡེ་དགུ་རྫོང་དུ་གནས་པའི་ཝུའུ་ཅའོ་དོམ་ཁྲ་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་གཟི་རྩ་སྡེ་དགུའི་དོམ་ཁྲ་གླིང་སྒོ་ཕྱེ་ནས་ཡུལ་སྐོར་བ་བསུས་ཤིང་། ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ནས་ཚང་སྤོས་པའི་དོམ་ཁྲ“ཞའི་ལི་ཝུའུ”དང་། “ཧའེ་ཧའེ”“ཐན་ཐན”“ཤིན་ཤིན”བཅས་དངོས་སུ་ཡུལ་སྐོར་བར་ལྟ་སྐོར་བྱེད་དུ་བཅུག་པ་རེད། རྒྱལ་ཡོངས་ཀྱི་དོམ་ཁྲ་བརྟག་དཔྱད་སྙན་ཞུ་ཐེངས་བཞི་པ་ལས་མངོན་གསལ། གཟི་རྩ་སྡེ་དགུ་རྫོང་དུ་རི་སྐྱེས་དོམ་ཁྲ་31ཡོད་པ་དང་། དེའི་ནང་ཝུའུ་ཅའོ་དོམ་ཁྲ་རང་བྱུང་སྲུང་སྐྱོང་ཁུལ་དུ་22ཡོད་པ་རེད།

འདི་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་རྩ་སྡེ་དགུའི་དོམ་ཁྲ་གླིང་གི་དོམ་ཁྲ་ཡིན་པ།