《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

ཆབ་མདོས་ནགས་ལས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“སྣོད་བཅུད་ཁ་གསབ་བྱས་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པའི”དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ངལ་ནུས་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་། དེ་བཞིན་ཡོང་འབབ་དམའ་བའི་མི་འབོར་ལ་སྣོད་བཅུད་ལས་གནས་རིམ་གྱིས་བཀོད་སྒྲིག་བྱས་ཡོད། 2020ལོར་རང་སྐྱོང་ལྗོངས་ཀྱིས་ཆབ་མདོ་གྲོང་ཁྱེར་ལ་ལས་གནས་202000སྤྲད་པ་དང་མིག་སྔའི་བར་མི་196970བསྡུས་པ་དང་ལོ་ལྟར་མི་རེར་ལས་གནས་གླ་ཆ་སྒོར་3500ལྟར་བརྩིས་ན་སྔོན་རྩིས་བྱས་ན་ལོ་མཇུག་ལ་སྒོར་དུང་ཕྱུར་7.07སྤྲོད་དགོས་ཀྱི་ཡོད་པ་རེད།

ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ལ་རོགས་རམ་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་ཐེབས་རྩའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་2020ལོར་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་དོ་དམ་པ་18453བསྡུས་པ་དང་སྔོན་རྩིས་བྱས་ན་མི་རེར་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་1.1ཡོད་པ་རེད། འགན་སེམས་ཆེ་བ་དང་ལས་ཀ་ཡག་པོ་བྱེད་པའི་ཞིང་འབྲོག་པ་དོ་དམ་པ་7651བཀོད་སྒྲིག་བྱས་ཏེ་རང་བྱུང་སྲུང་སྐྱོང་འདུ་འགོད་ཁུལ་གྱི་མུའུ་1914.7གྱི་རང་བྱུང་ནགས་རར་ལོ་འཁོར་མོར་དོ་དམ་སྲུང་སྐྱོང་བྱས་ཡོད་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

2019ལོར་རྒྱལ་ཁབ་ཀྱིས་མུའུ་ཁྲི་9.68ཀྱི་རྨོ་བསྐྱུར་ནགས་གསོའི་ལས་འགན་སྤྲད་པ་དང་འབྲེལ་2020ལོར་ལག་བསྟར་བྱ་རྒྱུ་བྱས་ཡོད། མིག་སྔར་ཆབ་མདོ་གྲོང་ཁྱེར་གྱིས་མུའུ་ཁྲི་9.02ལེགས་གྲུབ་ཟིན་པ་དང་དུད་ཚང་16968ཀྱི་མི་104321ལ་ཕན་པ་ཐོབ་པ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་4147གྱི་མི་གྲངས་19762ཚུད་ཡོད། མིག་སྔའི་བར་ས་གནས་དེ་གའི་ཞིང་འབྲོག་པ་748གཡེར་གཏོད་གྲོང་ཚོ་དང་རྩེ་ཐུང་རགས་ཡུག་ཁུལ་སོགས་ཀྱི་སྔོ་འགྱུར་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་146ཚུད་པ་དང་རྣམ་གྲངས་དེས་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་676ལྷག་ཙམ་ཡོང་རྒྱུར་སྣེ་ཁྲིད་བྱས་པར་མི་རེར་ཆ་སྙོམས་འབབ་འཕར་སྒོར་9037བྱུང་ཡོད་པ་རེད།

མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་ཡངས་སུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“ཀུང་སི་+རྟེན་གཞི་+ཞིང་དུད”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་དཔལ་འབྱོར་ནགས་རའི་འཛུགས་སྐྲུན་དང་རྒྱུད་བཟང་ནགས་ཤིང་རྟེན་གཞི་འཛུགས་སྐྲུན་སོགས་ཁྱད་ལྡན་ནགས་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། དཔལ་འབྱོར་ནགས་ར་འཛུགས་སྐྲུན་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1287གྱི་མི་གྲངས་6211ལ་སྣེ་ཁྲིད་བྱས་པར་ཡོང་འབབ་སྒོར་ཁྲི་2092.76བྱུང་བ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་3360ལྷག་ཙམ་བྱུང་ཡོད། དབུལ་སྐྱོར་གྱི་སྡོང་ཕྲུག་ར་བ་འཛུགས་སྐྲུན་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་423གྱི་མི་གྲངས་1999ལ་སྣེ་ཁྲིད་བྱས་པར་ཡོང་འབབ་སྒོར་ཁྲི་840.93དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་4200ལྷག་ཙམ་བྱུང་བ་རེད།