《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

ཀུའེ་ཀྲོའུ་ཅིན་ཕིང་དུ་པུ་ཤེལ་ཙེའི་མེ་ཏོག་དུས་ཆེན་བཏང་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་པ།

ཉེ་ཆར། 2020ལོའི་ཀུའེ་ཀྲོའུ་ཞིང་ཆེན་གྱི་པུ་ཤེལ་ཙེའི་ཐོན་ལས་སྐུལ་སྤེལ་ཚོགས་ཆེན་དང་ཅིན་ཕིང་པུ་ཤེལ་ཙེའི་མེ་ཏོག་དུས་ཆེན་ཀུའེ་ཀྲོའུ་ཅིན་ཕིང་རྫོང་དུ་འཚོགས་ཤིང་། ས་ཁུལ་ཁག་གི་སྐུ་མགྲོན་དང་ཡུལ་སྐོར་བ་མང་པོ་ཅིན་ཕིང་གི་མུའུ་ཁྲིའི་པུ་ཤེལ་ཙེ་འདེབས་འཛུགས་རྟེན་གཞིར་ཡོང་ནས་པུ་ཤེལ་ཙེའི་མེ་ཏོག་ལ་བལྟས་པ་དང་སྦྲགས། པུ་ཤེལ་ཙེའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་བགྲོ་གླེང་ཡང་བྱས་པ་རེད།

2019ལོ་ཚུན་དུ། ཅིན་ཕིང་རྫོང་གིས་ས་གནས་དེ་གའི་ནགས་ཚལ་མང་བ་དང་ཉི་འོད་ཕོག་ཡུན་རིང་བ་སོགས་ཀྱི་ལེགས་ཆར་བརྟེན་ནས། “སྣེ་ཁྲིད་ཁེ་ལས་+གཞུང་ཁོངས་དངོས་ཚན་ཀུང་སི་+མཉམ་ལས་ཁང་+ཞིང་དུད”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ། པུ་ཤེལ་ཙེའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཐང་ཤིང་དང་ལི་ཤིང་སོགས་སྦྱར་སྡོང་འདེབས་འཛུགས་བྱེད་སྟངས་འཚོལ་ཞིབ་བྱས་པ་དང་། མིག་སྔར། ཅིན་ཕིང་རྫོང་པུ་ཤེལ་ཙེའི་འདེབས་འཛུགས་གཞི་ཁྱོན་མུའུ་11000ལྷག་ཙམ་ཟིན་ནས། པུ་ཤེལ་ཙེའི་ཐོན་ལས་དེ་ཉིད་ས་གནས་དེ་གའི་ཞིང་པར་འབབ་འཕར་ཡོང་བའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། འདི་ནི་འཁྲབ་སྟོན་པས་ཀུའེ་ཀྲོའུ་ཞིང་ཆེན་ཅིན་ཕིང་པུ་ཤེལ་ཙེའི་མེ་ཏོག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།