《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

བོད་བྱང་ཐང་གི་ཁྲུང་ཁྲུང་མགོ་ཁྲ།

འདི་ནི་བོད་ལྗོངས་ཨ་མདོ་རྫོང་ཁོངས་ཀྱི་ཀ་ལུང་མཚོའི་འདབ་ཆགས་གླིང་ཕྲན་གྱི་ཁྲུང་ཁྲུང་མགོ་ཁྲ་ཡིན་པ།

འདི་ནི་བོད་ལྗོངས་ཨ་མདོ་རྫོང་ཁོངས་ཀྱི་ཀ་ལུང་མཚོའི་འདབ་ཆགས་གླིང་ཕྲན་དུ་ཁྲུང་ཁྲུང་མགོ་ཁྲའི་བྱ་ཕྲུག་དང་སྒོ་ང་ཡིན་པ།

དབྱར་དུས་ཀྱི་བོད་བྱང་ཐང་ནི་གནམ་གཤིས་བསིལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། དགུན་དུས་བོད་ཀྱི་ལྷོ་ཕྱོགས་སུ་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་མགོ་ཁྲ་དང་། ཆུ་སྐྱར་མཆུ་དམར། ཁྲུང་ཁྲུང་སྐེ་ནག་སོགས་གཅིག་རྗེས་གཉིས་མཐུད་ངང་བོད་ལྗོངས་ཨ་མདོ་རྫོང་ཀ་ལུང་མཚོའི་འདབ་ཆགས་གླིང་ཕྲན་དུ་གནས་སྤོས་ནས་འཚོ་སྡོད་དང་། སྒོ་ང་གཏོང་བ། བྱ་ཕྲུག་གསོ་བ་སོགས་བྱེད་ཀྱི་ཡོད།