《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཧུར་ཐག་སྐྲུན་པ།

ཨར་ལས་ཀྱི་དུས་ཚིགས་ཡག་ཤོས་སུ་སླེབས་པ་ནས་བཟུང་། གྲོ་མོ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཡོད། མ་དངུལ་བསྡོམས་སྒོར་ཁྲི་28460.4བཏང་བའི་འབྱོར་འབྲིང་གྲོང་ཚོས་རྫོང་གྲོང་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ཤང་གྲོང་གི་དུད་ཚང་100ཡི་མི་450གཅིག་སྡུད་ཐོག་བཀོད་སྒྲིག་བྱས་པའི་ནང་བཀོད་སྒྲིག་བྱ་ཡུལ་གཉིས་པར་འཆར་འགོད་ས་ཁྱོན་སྨི་ངོས་གྲུ་25426ཟིན་པ་དང་སྐྲུན་དངོས་རྒྱ་ཁྱོན་བསྡོམས་སྨི་ངོས་གྲུ་6541.6ཡོད་ཅིང་། སྔོན་དཔག་བྱས་ན། ཟླ་8པའི་ཟླ་མཇུག་ཏུ་འཛུགས་སྐྲུན་ལས་འགན་ཚང་མ་མཇུག་འགྲིལ་རྒྱུ་ཡིན་པ་རེད། འདི་ནི་བཀོད་སྒྲིག་བྱ་ཡུལ་གྱི་ལས་ཡུལ་ཡིན་པ།