《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

རང་སྐྱོང་ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཚེས་24ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་ཕེབས་ནས། འདམ་ར་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པས་དགའ་ལྡན་ཆོས་འཁོར་གྲོང་རྡལ་དགའ་ལྡན་ཆོས་འཁོར་གྲོང་ཚོ་ཁ་མདོ་ཚོཌ་ཆུང་གི་འདམ་ར་སྲུང་སྐྱོང་ལས་གྲྭའི་རྣམ་གྲངས་འཆར་འགོད་སོགས་ཀྱི་གནས་ཚུལ་དང་། ངར་ནང་ཤང་གི་ཤ་བ་མཆུ་དཀར་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། འ་སྦུག་གྲོང་ཚོའི་གཟན་རྩྭ་འདེབས་འཛུགས་ཚོད་ལྟ་དང་མཛོ་མོ་གསོ་ཚཌ་ས་ཚིཌ་ཀྱི་རྣམ་གྲངས་འཛུཌ་སྐྲུན་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་དང་འབྲེལ། ངར་ནང་ཤང་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ལས་དོན་སྙན་སེང་ཉན་པ་དང་། གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས། “གོང་ནས་འོག་དང་། སྔོན་སླ་རྗེས་དཀའ། རིམ་བཞིན་སྐུལ་འདེད”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྨོ་བསྐྱུར་ནགས་གསོ་དང་། རྩྭ་གསོ། འདམ་གསོ་བཅས་ཀྱི་འཆར་འགོད་དང་། འབྲེལ་ཡོད་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་ལག་བསྟར། སྣོད་བཅུད་ལས་གནས་ཀྱི་ལས་ཞུགས་བཀོད་སྒྲིག་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ནས། དབུལ་སྐྱོར་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི“གནད་སྨིན”ཐད་མུ་མཐུད་ཤུགས་བརྒྱབ་སྟེ། བསྐྲུན་ཀྱིན་པའི་རྣམ་གྲངས་ཀྱི་རྗེས་མཐུད་གཉེར་སྐྱོང་དོ་དམ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་ཡོངས་བཤེར་གྲ་སྒྲིག ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རྨོ་བསྐྱུར་ནགས་གསོ་རྩྭ་གསོ་དང་། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས། རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེའི་ཁ་གསབ་ཀྱི་ཚོང་ལས་འགན་བཅོལ་གུན་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་བྱས་ཏེ་བཟོས་ནས། འགན་བཅོལ་གུན་གསབ་ཀྱི་ཆ་རྐྱེན་དམའ་རུ་གཏོང་བ་དང་འགན་བཅོལ་གུན་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱས་ཏེ། ངར་ནང་ཤང་དེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང། མང་ཚོགས་འབབ་འཕར་བཅས་སྦྲེལ་མཐུད་དམ་ཟབ་ཐུབ་པའི་ལག་བསྟར་དང་ཚོད་ལྟ་སྔོན་ལ་བྱེད་སའི་དཔེ་སྟོན་ཁུལ་དུ་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།