《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

དང་བླངས་ཞབས་ཞུས་མི་སེམས་དྲོས།

ཉེ་ཆར། འཕྱོངས་རྒྱས་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དང་བླངས་ཞབས་ཞུའི་རུ་ཁག་གཉིས་སྒྲིག་འཛུགས་བྱས་ནས་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་བཙན་པ་ཚོགས་ཆུང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་ནས“སྲིད་ཇུས་སྒྲོག་འགྲེལ་དང་རླུང་འཕྲིན་བརྙན་འཕྲིན་དུད་ཚང་ཀུན་ཁྱབ”འདུ་འགོད་ལག་ལེན་བསྟར་ཏེ་གནད་སྨིན་དབུལ་སྐྱོར་གྱི“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ”སྤེལ་བ་རེད། བྱེད་སྒོའི་ནང་དང་བླངས་ཞབས་ཞུ་རུ་ཁག་གིས་བཀོད་སྒྲིག་བྱ་ཡུལ་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་བྱས་པ་དང་འབྲེལ་གྲོང་མིར་བརྙན་འཕྲིན་སྲུང་སྐར་བརྡ་རྟགས་བསྡུ་ལེན་སྒྲིག་ཆས་སྒྲིག་སྦྱོར་སྙོམས་སྒྲིག་བྱེད་རོགས་ཀྱང་བྱས་པ་རེད།

འདི་ནི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིས་བརྙན་འཕྲིན་བརྡ་རྟགས་བསྡུ་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།