《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་བརྙན་ལམ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོ་ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཆེད་མིས་ལྟ་སྐུལ་མཛུབ་ཁྲིད་བྱས་ཚུལ་དང་། ཆེད་དོན་འཐབ་རྩོད་ཀྱི“གཙང་སེལ་དྲུག”གི་བྱ་སྤྱོད་ལ་སྐུལ་འདེད་བཏང་ཚུལ། སྒོ་བྱང་འགེལ་བ་དང་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གྱོད་གཞིར་སྐུལ་འདེད་བཏང་ཚུལ་བཅས་ཉན་པ་དང་། དུས་མཚམས་རྗེས་མའི་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་གསུང་བཤད་གནང་བ་རེད།

ཧོ་ཝུན་ཧའོ་ཡིས། ཚད་གཞི་དེ་བས་མཐོ་བའི་ཐོག་ནས་ཆེད་དོན་འཐབ་རྩོད་ཀྱི་བཀོད་སྒྲིག་གསར་པ་དོན་འཁྱོལ་བྱས་ཏེ། “ཁུངས་སྣེ་གཙང་སེལ”དང་། “གྱོད་གཞི་གཙང་སེལ” “གདུགས་དྲ་གཙང་སེལ” “ལྐོག་ནོར་གཙང་སེལ” “ལས་རིགས་གཙང་སེལ” “ཉེས་ཅན་བྲོས་བྱོལ་པ་གཙང་སེལ”བཅས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཆེད་དོན་འཐབ་རྩོད་ཀྱི་མཇུག་བསྡུའི་དམག་འཐབ་ཡག་པོ་རྒྱག་པ་དང་། མ་ལག་བཅོས་སྐྱོང་དང་། ཁྲིམས་བཞིན་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱས་ཏེ་ཟང་ཟིང་བཅོས་སྒྲིག་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། “ཁྲིམས་བཞིན་ཆད་གཅོད་དང་། ངན་པ་རྩ་མེད་བཟོ་བ། མི་དམངས་བློ་ཡིད་ཚིམ་པར་བྱེད་པ”བཅས་ལ་དམིགས་ཏེ་ལམ་སྲོལ་འཛུགས་སྐྱོང་ལ་ཐབས་མང་མཉམ་སྤྱོད་བྱས་ནས་ནག་གཤེད་ཕྱོགས་གཏོགས་གནས་སའི་བར་མཐོངས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། བླང་བྱ་དེ་བས་མཐོ་བའི་སྒོ་ནས་ཆེད་དོན་འཐབ་རྩོད་ཀྱི་ཕན་འབྲས་གསར་པ་དོན་གཉེར་བྱས་ཏེ། འགོ་ཁྲིད་ཀྱི་འགན་འཁྲི་དང་། མཐུན་སྦྱོར་གྱི་འགན་འཁྲི། བྱེད་པོའི་འགན་འཁྲི། མཉམ་སྒྲུབ་ཀྱི་འགན་འཁྲི། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་བཅས་ཆེ་རུ་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་དང་། དཔྱད་གདེང་། དྲིལ་བསྒྲགས་ལས་དོན་གནད་ལ་སྨིན་པར་བྱས་ཏེ་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་བླང་བྱ་བཏོན་པ་རེད།