《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

རང་ལྗོངས་ཀྱི་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་འཕེལ་རིམ་བདེ་བླག་བྱུང་བ།

སྔོན་རྩིས་ལྟར་ན་2021ལོའི་ཟླ་10པའི་ཟླ་མཇུག་གོང་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། མིག་སྔར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད། 2018ལོའི་ལོ་འགོ་ནས་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་བཤེར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ཚུན། ལོ་གཉིས་འབད་བརྩོན་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་ཤང་གྲོང(ཁྲོམ་གཞུང)691གི་གྲོང་ཚོ(གྲོང་ལྷན)5427གྱི་2017ལོ་འཁོར་གྱི་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་བཤེར་ལས་འགན་2019ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་སྟེ། ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་མུའུ་དུང་ཕྱུར་1.67དང་། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་སྒོར་དུང་ཕྱུར་94.3 གཉེར་སྐྱོང་རང་བཞིན་མིན་པའི་རྒྱུ་ནོར་སྒོར་དུང་ཕྱུར་128.8བཅས་གཙང་བཤེར་ཐུབ་ཡོད། མིག་སྔར་ལྗོངས་ཡོངས་ཀྱིས་ཞིང་ལས་དང་གྲོང་གསེབ་པུའི་བླང་བྱ་ལྟར། 2018ལོ་དང་2019ལོ་འཁོར་གྱི་རྒྱུ་ནོར་གཙང་བཤེར་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད།

ཆུ་ཤུར་དང་། བྲག་ཡིབ། སྣེ་གདོང་། དཔལ་མགོན། སྟག་རྩེ། སྨན་གླིང་། ཁ་རུབ། མཛོ་སྒང་། པ་སྣམ། སྒེར་རྩེ་བཅས་རྫོང(ཆུས)10སྔ་རྗེས་སུ་ཀྲུང་དབྱང་གི་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་རྫོང་ཧྲིལ་པོ་སྒྱུར་བཅོས་ཚོད་ལྟའི་རྫོང(ཆུས)ལ་གཏན་འཁེལ་བྱས་ཡོད། དེའི་ནང་ཆུ་ཤུར་རྫོང་དང་བྲག་ཡིབ་ཆུས་ཀྱིས་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་འགན་ལེགས་འགྲུབ་བྱས་པ་དང་། སྣེ་གདོང་ཆུས་སོགས་ཚོད་ལྟའི་རྫོང(ཆུས)8ཀྱིས་སྒྱུར་བཅོས་ཚོད་ལྟའི་ལས་འགན་ལ་སྐུལ་འདེད་གཏོང་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གཞུང་དོན་ཁང་དང་ཞིང་ལས་དང་གྲོང་གསེབ་པུའུ་ཡིས། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ཇུས་གཞིར》མཆན་བཀོད་བཀའ་ལན་གནང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་རང་སྐྱོང་ལྗོངས་ཡོངས་ལ་ཁྱབ་པ་བྱ་རྒྱུ་དང་། སྔོན་དཔག་བྱས་ན། 2021ལོའི་ཟླ་10པའི་ཟླ་མཇུག་གོང་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་ཡིན་པ་རེད།