《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

ལྷ་ས་གྲོང་ཁྱེར་གྱིས་ཇ་ཁང་གི་ཚོང་གཉེར་ཚད་ལྡན་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཇ་ཁང་གི་བཟའ་བཅའི་བདེ་འཇགས་ན་འགན་ལེན་བྱས་ནས་རྒྱ་ཆེའི་འཛད་སྤྱོད་པར་བློ་བདེ་བག་ཕེབས་ཀྱི་ཁོར་ཡུག་ཅིག་གཏོད་ཆེད། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས“ཆེ་གྲས་ཀྱི་དཔེ་སྟོན་ལ་དམ་འཛིན་དང་། འབྲིང་གྲས་ཀྱི་ཚད་ལྡན་ལ་དམ་འཛིན། ཆུང་གྲས་ཀྱི་བདེ་འཇགས་ལ་དམ་འཛིན”གྱི་རྩ་དོན་གཞིར་བཟུང་། ཇ་ཁང་གི་བཟའ་བཏུང་སྤུས་ཚད་མཐོར་གཏོང་རིམ་སྤོར་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་རེད།

ལྷ་ས་གྲོང་ཁྱེར་གྱི་ཇ་ཁང་གནས་ཚུལ་ལ་དམིགས་ཏེ《ཇ་ཁང་གི་ཚད་ལྡན་གཉེར་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པ་དང་། ཇ་ཁང་གི་གཙང་སྦྲ་ཡག་པོ་མེད་པ། གཙང་འཁྲུད་དང་དུག་སེལ་ཚད་ལྡན་མིན་པ། བཟའ་བཅའི་རྒྱུ་ཆ་ཉོས་པའི་སྤ་སེ་དང་ཟོག་འཐེན་ཟོག་ཚོང་གི་ཐོ་འགོད་ལམ་ལུགས་དོན་འཁྱོལ་མ་བྱས་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཇ་ཁང་1277མེད་པར་བཟོས་པའམ་ཚད་ལྡན་དུ་བཏང་བ་དང་ཇ་ཁང་60ལ་ཁྲིམས་བཞིན་བཅོས་སྒྲིག་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིད་སྟོན་བྱེད་ཞོར་དུ་ཚད་ལྡན་དུ་གཏོང་བ་མཐའ་འཁྱོངས་ཀྱིས་ལྟ་སྐུལ་དོ་དམ་གྱི་བསམ་ཕྱོགས་གསར་པ་རིམ་བཞིན་འཚོལ་ཞིབ་བྱེད་པ་དང་། ཇ་ཁང་གི་བཟའ་བཅའི་བདེ་འཇགས་མཐོར་གཏོང་རིམ་སྤོར་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་བ། རིག་ལྡན་ལྟ་སྐུལ་དོ་དམ་ཆ་འཕྲིན་ཅན་གྱི་ལས་སྟེགས་སྤྱོད་པ་བཅས་བྱས་ནས་ཆ་འཕྲིན་ལག་རྩལ་དང་དངོས་ཡོད་ལྟ་སྐུལ་དོ་དམ་ཟུང་འབྲེལ་དང་། སྡེ་ཚན་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཇ་ཁང་གི་བྱེད་པོའི་ཐོབ་ཐང་ལུགས་མཐུན་དང་། གཉེར་སྐྱོང་བརྒྱུད་རིམ་ཚད་ལྡན། ལས་སྣོན་བརྒྱུད་རིམ་བདེ་འཇགས་བཅས་ཡོང་བའི་འགན་ལེན་བྱས་ཏེ་བདེ་འཇགས་ཀྱི“ལྷ་སའི་བྲོ་བ”ཧུར་ཐག་གཏོད་རྒྱུ་རེད།