《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

ཆབ་མདོ་གྲོང་ཁྱེར་གྱིས།

ཁ་རུབ་ཆུས་གྲུ་གུ་གྲོང་ཚོའི་ཡུལ་སྐོར་ཡོང་འབབ་མང་དུ་ཤུགས་ཆེན་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་གྲུ་གུ་གྲོང་ཚོས་མཛེས་སྡུག་ལྡན་པའི་རི་ཆུའི་ཁོར་ཡུག་དང་། ས་བབ་ཀྱི་ལེཌ་ཆ། འགྲིམ་འགྲུལ་སྟབས་བདེ་བཅས་ལ་བརྟེན་ནས་ཡུལ་བབ་དང་བསྟུན་ཏེ་སྤྲོ་སྐྱིད་གཏོང་ཡུལ་གྱི་ཡུལ་སྐོར་ཐོན་ལས་རྣམ་གྲངས་སོགས་ལག་ལེན་ཤུགས་ཆེན་བསྟར་ནས་སྡོད་ཁང་དང་། སོས་དལ་རོལ་རྩེད། ཞིང་འབྲོག་ལས་ཀྱི་ཐོན་ཟོག་བྲིན་ཚོང་། ཆུ་ཚན་ལུས་གསོ་སོགས་བྱེད་ནུས་མང་པོ་གཞི་གཅིག་ཏུ་འདུས་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་འཕེལ་རྒྱས་བཏང་བ་རེད།

སྤྲོ་སྐྱིད་གཏོང་ཡུལ་གྱིས་གྲོང་གསེབ་ཀྱི་བེད་མེད་ས་ཆར་བརྟེན་ནས་དར་བཟོ་ཆེ་བའི་གྲོང་གསེབ་ཀྱི་སྤྲོ་གསེང་གཏོང་ཡུལ་འཛུཌ་རྒྱུ་དམིཌ་ཡུལ་དུ་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་ནུས་ལྡན་བྱས་ཤིང་། ད་བར་དུད་ཚང་7དང་མི་གྲངས་15ཡི་ལས་ཞུགས་ལ་སྣེ་ཁྲིད་བྱས་པ་མ་ཟད། ཕྱོགས་ཡོངས་ཀྱི་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་སྟེ་མཉམ་སྡེབ་ཡོང་འབབ་ཡོད་པ་བྱས་པ་རེད། གྲུ་གུ་གྲོང་ཚོ་དེ་ཉིད་དཔལ་འབྱོར་ཡོང་འབབ་མེད་པ་ནས་ལོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་15ཟིན་པའི་དབུལ་ཞྭ་ཕུད་པའི་གྲོང་ཚོར་གྱུར་པ་དང་མང་ཚོགས་400ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།

ཉེ་བའི་ལོ་ཤས་རིང་། མཛེས་ལྗོངས་ཁུལ་བཏོད་པ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས། མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་སྟེ་གྲུ་གུ་གྲོང་ཚོར་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ནས་གྲོང་ཚོའི་ཁོར་ཡུག་ལེགས་པ་དང་ཡུལ་གྱི་བཀོད་པ་མཛེས་པའི་མཛེས་ལྗོངས་ཁུལ་ཞིག་བཏོད་པ་རེད།