《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་སྲུང་གནས་སྤོའི་ལས་དོན་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཨུད་མཐའ་སྲུང་གནས་སྤོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་དང་ལས་ཀའི་མཉམ་ཤུཌ་ཆགས་པར་བྱས་ཏེ། མཚོ་སྣ་རྫོང་དང་། ལྷོ་བྲག་རྫོང་། ལྷུན་རྩེ་རྫོང་། སྣ་དཀར་རྩེ་རྫོང་བཅས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་མཐའ་སྲུང་གནས་སྤོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

མཐའ་སྲུང་གནས་སྤོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་སྤྱི་འདོམས་མཐུན་སྦྱོར་དང་། རྒྱབ་སྐྱོར་ཧུར་ཐག་བྱེད་པ། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས་ལས་ཀའི་འགན་འཁྲི་དང་ལས་འགན་གསལ་པོ་བཟོ་བ་དང་འགན་ནུས་ཀྱི་ནུས་པ་བཏོན་ཐོག གཞོགས་འདེགས་ཧུར་ཐག་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ནས་ལས་དོན་མགྱོགས་པོ་སྤེལ་དགོས་པ་དང་། ལས་ཀའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་དོན་བཀོད་གཏོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། རིགས་ཁག་གི་མ་དངུལ་བསྡུ་སྒྲིལ་གྱིས་བེད་སྤྱོད་གཏོང་ཤུགས་ཆེ་རུ་གཏོང་བ། ཚད་ཡོད་གྱི་མ་དངུལ་དགོས་མཁོ་ཆེ་སར་གཏོང་བ། ནུས་ཤུགས་ཆེ་ཤོས་འདོན་པ་བཅས་བྱས་ནས་ལས་དོན་ལ་རྒྱུན་མཐུད་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་སློབ་སྦྱོང་དང་། སྲིད་ཇུས་ཞིབ་འཇུག སྲིད་ཇུས་བེད་སྤྱོད་བཅས་བྱས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་རིགས་ཁག་གི་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་འདང་ངེས་དང་། བབ་བསྟུན་བེད་སྤྱོད། བེད་སྤྱོད་ཡག་པོ་བཅས་བྱས་ཐོག མཐའ་མཚམས་ཀྱི་འཐབ་ས་དང་པོའི་མང་ཚོགས་ལ་གནང་བའི་རིགས་ཁག་གི་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་ཏེ་མཐའ་སྲུང་ཀྱི་འཐབ་ས་དང་པོའི་གནས་སྤོས་ལ་སྐུལ་ལྕག་གཏོང་དགོས་པ་མ་ཟད། ད་དུང་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱས་ནས་དངོས་ཐོག་བདེན་འཚོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། ལྷ་དབང་གིས་ཞུས)