《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི“མཐའ་མའི་འགག་གནད”ཤར་གཏོང་བྱས་པ།

ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་གོ་མི་དམངས་དངུལ་ཁང་ཡིད་རྟོན་ལྟེ་གནས་ཀྱི་བསྡུ་དགོས་རིགས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ལས་སྟེགས་ཁྱབ་གདལ་དང་བེད་སྤྱོད་བཏང་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་གྱི་2020ལོའི་བསྡུ་དགོས་རིགས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི“སྲིད་གཞུང་དང་། དངུལ་ཁང་། ཁེ་ལས”བཅས་ཀྱི་གསོ་སྦྱོང་དང་འོས་སྦྱོར་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཤིང་། ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྲིད་གཞུང་གི་སྡེ་ཚན་དང་ཁེ་ལས་དང་བྱ་གཞག་ཚན་པ་13དང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་6 ཁེ་ལས་ཀྱི་འཐུས་མི་52བཅས་དང་མཉམ་དུ་གྲོང་ཁྱེར་ཡོངས་ལ་ཀྲུང་གོ་མི་དམངས་དངུལ་ཁང་ཡིད་རྟོན་ལྟེ་གནས་ཀྱི་བསྡུ་དགོས་རིགས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ལས་སྟེགས་ཁྱབ་གདལ་དང་བེད་སྤྱོད་བྱས་ཏེ་དམངས་གཉེར་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ཡོངས་ཁྱབ་ཏུ་འཕྲད་པའི་ཚད་མཐུན་གཏའ་འཇོག་ཁག་ཐེག་དངོས་རྫས་དཀོན་པའི་དབང་གིས་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི“མཐའ་མའི་འགག་གནད”ཤར་གཏོང་བྱས་པ་རེད།

ད་བར་ཆབ་མདོ་གྲོང་ཁྱེར་གྱིས་བསྡུ་དགོས་རིགས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་ལས་སྒོ་འཕེལ་རྒྱས་ལ་དཔེར་ན། བསྡུ་དགོས་རིགས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་གྱི་ལས་སྒོ་ཤེས་རྟོགས་བྱེད་ཚད་ཞན་པ་དང་། དངུལ་རྩའི་སྒྲིག་གཞིའི་ལས་སྒོའི་འདུ་ཤེས་རྙིང་པ་དང་རྗེས་ལུས་ཡིན་པ། ཁེ་ལས་ཞུགས་ཚད་ཉུང་བ། སྲིད་གཞུང་གིས་གཞོགས་འདེགས་དང་སྐུལ་འདེད་གཏོང་རྒྱུ་མི་འདང་བ་སོགས་ཀྱི་གནད་དོན་འཕྲད་ཡོད་པ་རེད།

བསྡུ་དགོས་རིགས་ཀྱི་རྩིས་ཁྲའི་མ་དངུལ་འབོར་ཚད་སྤྱོད་ཐུབ་པ་བྱས་ནས་ཁེ་ལས་འབྲིང་ཆུང་གིས་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ལས་སྟེགས་ཁྱབ་གདལ་བཏང་བ་དང་འབྲེལ་སྤྱད་ནས་ཕན་འབྲས་དངོས་ཐོན་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་། ཆབ་མདོ་གྲོང་ཁྱེར་གྱི་2020ལོའི་བསྡུ་དགོས་རིགས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི“སྲིད་གཞུང་དང་། དངུལ་ཁང་། ཁེ་ལས”བཅས་ཀྱི་གསོ་སྦྱོང་དང་འོས་སྦྱོར་ཚོགས་འདུ་འཚོགས་ཤིང་། ཆབ་མདོ་གྲོང་ཁྱེར་གྱི་ཁེ་ལས་ཀྱི་བསྡུ་དགོས་རིགས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་མཐུན་སྦྱོར་ལམ་སྲོལ་དང་། མཉམ་འབྲེལ་ཁྱབ་གདལ་གྱི་དྲིལ་བསྒྲགས་ལམ་སྲོལ། མཉམ་འབྲེལ་ཆེད་སྤྱོད་ལམ་སྲོལ། ལྟ་ཞིབ་ཚད་ལེན་གྱི་བརྡ་ཁྱབ་ལམ་སྲོལ་བཅས་བཙུགས་ཏེ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་བསྡུ་དགོས་རིགས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་གྱི་རྒྱུ་ནོར་སྤྱོད་ཐུབ་པ་བྱས་ནས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ལས་ཆོད་ཆེ་རུ་བཏང་བ་རེད།