《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

ཐོན་ལས་དར་རྒྱས་བཏང་སྟེ་ལས་ཞུགས་ལ་སྐུལ་འདེད་གཏོང་བ།

རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.7ཙམ་བཏང་བའི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ཚད་གཞི་མཐོ་བའི་རྒྱུད་བཟང་བཞོན་མ་གསོ་ཚགས་དཔེ་སྟོན་རྟེན་གཞི་ནི་སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོར་གནས་ཤིང་། དེ་ནི་ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཤིག་རེད་ལ། ལྷ་ས་གྲོང་ཁྱེར་གྱི“དུད་ཚང་ཁྲི་དང་ར་བ་བརྒྱ་ལྟེ་གནས་བཅུ”བཅས་ཀྱི་གཙོ་གནད་ཐོན་ལས་རྣམ་གྲངས་ཤིག་ཀྱང་རེད། མིག་སྔའི་བར་གསོ་ཚགས་ལྟེ་གནས་དེར་སློབ་གྲྭ་ཆེ་མོ་བ་10དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་4ལས་ཀར་བསྡུས་པ་དང་རྫོང་ཡོངས་སུ་གཟན་རྩྭ་མུའུ་6000འདེབས་འཛུགས་བྱ་རྒྱུར་སྐུལ་ཁྲིད་བྱས་ཤིང་།

འདི་ནི་ཉེ་ཆར་སྟག་རྩེ་ཆུས་ཀྱི་ཚད་གཞི་མཐོ་བའི་རྒྱུད་བཟང་བཞོན་མ་གསོ་ཚགས་དཔེ་སྟོན་ལྟེ་གནས་ཀྱི་ཕྱུགས་རིགས་སྨན་པ་ཅང་ཡུས་ལེང་གིས་ལས་མི་གསར་པ་ཁྲིད་དེ་བ་ཚང་ལ་སྐོར་ཞིབ་བྱེད་བཞིན་པ།