《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

ཟླ་དང་པོ་ནས་བཞི་པ་བར་ལྗོངས་ཡོངས་ཀྱི་འཛད་སྤྱོད་ཐོན་ཟོག་གི་སིལ་ཚོང་དུས་བབ་བཟང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རང་ལྗོངས་ཀྱིས《འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་མཛུབ་ཁྲིད་བསམ་འཆར》བཀྲམ་ཚུན། ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་དང་འཛད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད། གྲངས་གཞི་ལས་མངོན་གསལ། ཟླ་དང་པོ་ནས་བཞི་པ་བར། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་ཟོག་སིལ་ཚོང་གི་དངུལ་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་192.83ཟིན་ཡོད་པ་རེད།