《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

ཉིང་ཁྲི་གྲོང་ཁྱེར་སྦེ་པ་གྲོང་རྡལ་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་གྱིས“གཅུན་འདོམས་ལས་སྟེགས”དང་། “སྒྲོག་འགྲེལ་ལས་སྟེགས” “སྐུལ་གཏོང་ལས་སྟེགས”བཅས་ལས་སྟེགས་གསུམ་བསྐྲུན་པ་བརྒྱུད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་བཏང་བས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་མཉམ་འདྲེས་གང་ལེགས་བྱུང་ནས་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་ལ་འཁྱོལ་བ་རེད།

“གཅུན་འདོམས་ལས་སྟེགས”བསྐྲུན་ནས་སྒྲིག་སྲོལ་ལམ་ལུགས་ཁག་འཛུགས་པ་དང་འཐུས་ཚང་དུ་བཏང་ཞིང་། གྲོང་རྡལ་ཏང་ཨུད་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་བློ་བསྡུས་དགེ་འཚོལ་ངང“ཤང་སྲོལ་དམངས་ཆིངས”བཟོས་ཏེ། བོད་རྒྱ་སྐད་ཡིག་གཉིས་ཀྱི་དེབ་ཆུང་བཟོས་ནས་མང་ཚོགས་ལ་སློབ་སྦྱོང་བྱ་རྒྱུར་སྤྲད་པ་རེད། གྲོང་ཚོ་ཁག་གི་དོ་དམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་སྟོབས་རང་སྤེལ་དང་། དཀའ་སྤྱད་ཕྱུག་འགྱུར། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་བ་སོགས་ཀྱི་ནང་དོན་ཁྱིམ་སྲོལ་དང་ཁྱིམ་ཚང་གི་སློབ་གསོའི་ནང་བཅུག་པ་དང་ཡུལ་སྲོལ་བསྒྱུར་བ་དང་། ཀུན་སྤྱོད། ཁོར་ཡུག་འཕྲོད་བསྟེན་སོགས་ཤེས་དཔལ་སྤྱི་ཆིངས་ནང་བཅུག་པས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། གྲོང་ཚོ་བཅོས་སྐྱོང་ལ་ལམ་ལུགས་ཀྱི་འགན་ལེན་ཡང་ཐུབ་པ་རེད།

“སྒྲོག་འགྲེལ་ལས་སྟེགས”བཏོད་ནས་སྒྲོག་འགྲེལ་ཞིབ་ཚགས་དང་སློབ་སྦྱོང་གཏིང་ཟབ་ཀྱི་དཔེ་དབྱིབས་གསར་པ་བཏོད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་དོན་འཁྱོལ་ཏན་ཏིག་དང་ཚགས་ཚུད་བྱས་ཏེ“གསར་བརྗེའི་སྐོར་སྐྱོད་སློབ་ཁང་+”དང“ཏང་ཡོན་གྱི‘འགན་ལེན་གསུམ’+འགོ་ཁྲིད་ཀྱིས་གྲོང་ཚོ་འགན་གཙང་ལེན་པ”བཅས་གཙོ་བོར་བྱས་པའི་སྐོར་སྐྱོད་སྒྲོག་འགྲེལ་རུ་ཁག་བཙུགས་ནས་གྲོང་ཚོ་དང་དུད་ཚང་དུ་སྒྲོག་འགྲེལ་བྱས་པ་རེད།

“སྐུལ་གཏོང་ལས་སྟེགས”བཏོད་ནས་སྐར་གསོག་བརྗེ་བའི་ལམ་ལུགས་ཀྱི་སྒོ་རྩིས་ཚོང་ཁང་བཙུགས་ཤིང་། སྟག་ལྤགས་གྲོང་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞི”གྲོང་ཚོ་རིམ་པའི་བཅོས་སྐྱོང་ནང་མཉམ་བསྲེས་བྱས་ནས་དར་དམར་སྒོ་རྩིས་ཚོང་ཁང་བཙུགས་ཏེ་དོ་དམ་ལམ་སྲོལ་ལ་སྐུལ་འདེད་བཏང་བས“བྱ་དགའ་+ཐོ་གཞུང་དམར་པོ”དང“ཆད་གཅོད་+ཐོ་གཞུང་ནག་པོའི”ཕྱོགས་གཉིས་ཀྱི་དོ་དམ་བྱེད་ཐབས་འཚོལ་ཞིབ་བྱས་པ་དང་སྐར་རྒྱག་ལམ་ལུགས་ལག་བསྟར་བྱས་ཏེ་དཔྱད་ཞིབ་ཁག་དང་སྔོན་ཐོན་དང་ཕུལ་བྱུང་འདེམས་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་པ་རེད། དར་དམར་སྒོ་རྩིས་ཚོང་ཁང་གིས་ད་དུང་དམངས་གཉེར་གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པ་དང་མང་ཚོགས་ཀྱིས་སྐར་གསོག་བརྗེ་བའི་རྣམ་པ་བརྒྱུད་ཚོང་ཟོག་ཉོ་ཆོག་གི་ཡོད་པ་རེད། ལོ་གཉིས་ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད་དར་དམར་སྒོ་རྩིས་ཚོང་ཁང་དེ་སྟག་ལྤགས་གྲོང་ཚོའི་ཤེས་དཔལ་དར་སྲོལ་འགྲེམས་སྟོན་བྱེད་པའི་སྐར་ཁུང་གསར་པར་གྱུར་བ་རེད།