《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

བོད་ཀྱི་སྡེར་མང་མཉམ་སྡུད་ཀྱི་མཐོ་ལྕོག་རྣམ་པའི་འོད་གསོག་དྲོད་ལེན་འཕྲུལ་འཁོར་དང་པོ་ལྷོ་ཁར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ།

2020ལོའི་ཟླ་6ཚེས་21ཉིན་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་སུ་རྒྱལ་ཁབ་གློག་དྲ་ཨན་ཧུའེ་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིའི་བོད་སྐྱོར་ལས་དོན་པས་རྫོང་དེའི་ཁེ་ལས་ཤིག་གིས་བསྐྲུན་པའི་སྡེར་མང་མཉམ་སྡུད་ཀྱི་མཐོ་ལྕོག་རྣམ་པའི་འོད་གསོག་དྲོད་ལེན་འཕྲུལ་འཁོར་དང་པོའི་གློག་ཤུགས་སྒྲིག་བཀོད་ལ་ཞིབ་བཤེར་རྩིས་ལེན་བྱས་ཤིང་། ཉིན་དེར་རྒྱལ་ཁབ་གློག་དྲ་ཨན་ཧུའེ་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིའི་བོད་སྐྱོར་ལས་དོན་པས་འཛུགས་སྐྲུན་གྱི་ཐོག་མའི་དུས་ནས་བརྒྱུད་རིམ་ཧྲིལ་པོར་ལག་རྩལ་རོགས་སྐྱོར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྡེར་མང་མཉམ་སྡུད་ཀྱི་མཐོ་ལྕོག་རྣམ་པའི་འོད་གསོག་དྲོད་ལེན་འཕྲུལ་འཁོར་དང་པོ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཁེ་ལས་ཤིག་ཏུ་བསྐྲུན་པ་རེད། འདི་ནི་ཨན་ཧུའེ་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིའི་བོད་སྐྱོར་ལས་དོན་པས་རྫོང་དེའི་ཁེ་ལས་ཤིག་གིས་བསྐྲུན་པའི་སྡེར་མང་མཉམ་སྡུད་ཀྱི་མཐོ་ལྕོག་རྣམ་པའི་འོད་གསོག་དྲོད་ལེན་འཕྲུལ་འཁོར་དང་པོའི་གློག་ཤུགས་སྒྲིག་བཀོད་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་གནས་ཚུལ་ཡིན་པ།