《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月23日

དགའ་སྤྲོའི་ངང་ཡིག་རྒྱུགས་བསུ་བ།

ཟླ་6ཚེས་15དང་16ཉིན། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་དང་ལྷ་ས་གྲོང་ཁྱེར་དང་བླངས་པའི་མཐུན་ཚོགས་དང་མཉམ་འབྲེལ་ཐོག་ཧོ་ཧའེ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གསོ་རྒྱབ་སྐྱོར་ཚོགས་པའི་ཁོངས་མི་དང་བོད་ལྗོངས་ཐ་ཞིས་དོ་དམ་བློ་འདྲི་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་བཟོ་གདན་དྲངས་ནས། སྙེ་མོ་རྫོང་སློབ་འབྲིང་དང་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པར་བསྐྱོད་དེ། “འོད་སྣང་སློབ་རོགས·འཚར་ལོངས་ལམ་ལྷོངས——ལྷ་ས་གྲོང་ཁྱེར་གྱི་2020ལོའི་དམའ་འབྲིང་ཡིག་རྒྱུགས་དང་མཐོ་རྒྱུགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བའི”བྱེད་སྒོ་སྤེལ་ནས། སེམས་ཁམས་ཟུར་ཁྲིད་དང་གནོན་ཤུགས་ཆུང་དུ་གཏོང་བའི་རོལ་རྩེད་སྣ་ཚོགས་བརྒྱུད། སློབ་མའི་དངངས་འཚབ་ཀྱི་སེམས་པ་ཞི་ལྷོད་དུ་གཏོང་བ་དང་ཡིག་རྒྱུགས་སྔོན་གྱི་སེམས་ཁྲལ་སེལ་ཐབས་བྱས་ནས་སློབ་མས་ཡིད་ཆེས་དང་སྤྲོ་སྣང་གིས་ཁེངས་བཞིན་དུ་ཡིག་རྒྱུགས་བསུ་བར་བྱས་ཤིང་། འདི་ནི་མཐོ་རིམ་ལོ་རིམ་གསུམ་པའི་སློབ་མས་གནོན་ཤུགས་ཆུང་དུ་གཏོང་བའི་རོལ་རྩེད་རྩེ་བཞིན་པ།