《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月23日

ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཉིས་འཚོགས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་ལས་ཞུགས་ལས་དོན་དང་འབྲེལ་བ་ཡོད་པའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་། སྙན་ཞུ་ཉན་པ། གནད་དོན་ལ་དབྱེ་ཞིབ། ཉམས་མྱོང་ཕྱོགས་སྡོམ། ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཕེབས་པ་རེད།

ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཆབ་སྲིད་ཀྱི་མཐོ་ཚད་དང་བོད་འཕེལ་རྒྱུས་མྱུར་པོ་དང་ཡུན་རིད་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཞི་མཐུན།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། མི་དམངས་ཀྱི་བདེ་རྩ་བཅས་དང་འབྲེལ་བ་ཡོད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཐོག་འགན་འཁྲི་ཁུར་སེམས་དང་། དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང། མིག་སྔའི་དུས་བབ་གསལ་རྟོགས་དང་ལས་ཞུགས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ། བྱེད་ཐབས་ཚགས་ཚུད་དུ་གཏོང་བ་བཅས་བྱས་ཏེ་འགྱུར་ལྡོག་གསར་པ་དང་། ཁྱད་ཆོས་གསར་པ། བླང་བྱ་གསར་པ་བཅས་ལ་ཟམ་མི་ཆད་པར་བསྟུན་དགོས་པ། བསམ་བློ་གཏོང་སྟངས་གསར་གཏོད་དང་ལས་ཞུགས་ཀྱི་དཀའ་གནད་ཐག་གཅོད་བྱས་ཏེ་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་སློབ་སྦྱོང་དང་ཁོང་དུ་ཧུར་ཐག་ཆུད་པ་དང་ལས་ཞུགས་ཀྱི་སྤྱི་འབོར་དང་། གྲུབ་ཆ། སྤུས་ཚད་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། “རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”སོགས་ལྗོངས་ཕྱི་ནང་གི་ལས་གནས་འཚོལ་བསྡུ་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་ཞུགས་ཀྱི་ལས་གནས་མང་དུ་གཏོང་དགོས་པ། གནད་སྨིན་ཐབས་ཇུས་ལ་ཞིབ་འཇུག་དང་ལས་ཞུགས་ཀྱི་མཁོ་སྤྲོད་སྤྱི་འདོམས་བྱས་ཏེ་ལས་ཞུགས་འབྲེལ་མཐུད་ལས་སྟེགས་ཧུར་ཐག་བཏོད་པ་དང་ལས་ཞུགས་ཆ་འཕྲིན་མཉམ་སྐྲུན་དང་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་གནད་སྨིན་འབྲེལ་མཐུད་དང་སྲུབས་ཀ་མེད་པའི་འབྲེལ་མཐུད་འགན་ལེན་བྱེད་དགོས་པ། ཁྲོམ་རའི་བྱེད་པོ་བརྟན་པོ་ཡོང་བ་དང་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང“གསར་པ་གཉིས་དང་གཙོ་གནད་གཅིག”འཛུགས་སྐྲུན་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་དགོས་པ། འགན་འཁྲིའི་འདུ་ཤེས་ཟབ་ཏུ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་དམིགས་ཚད་ལས་འགན་གྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་གཙོ་གནད་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ལས་གནས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཐོག་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རའི་ལས་ཞུགས་དང་ལྗོངས་ཕྱིའི་ལས་ཞུགས་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས་པ་བཅས་རེད། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་སྐལ་མཆོག་གིས་ཞུས)