《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月23日

ཆེ་དགྲ་ལྷས་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་དམངས་དོན་ཁྲིམས་གཞུང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་ཤིང་། དེ་བཞིན་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་སྐུལ་སྤེལ་གནས་ཚུལ་དང་། 《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་འཛུགས་གཏོད་བྱེད་སྒོའི་ལག་བསྟར་ཇུས་གཞིའི》འཆར་ཟིན་གནས་ཚུལ། 《རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་འཆར་འགོད(2021—2025)》སྒྲིག་བཟོའི་གནས་ཚུལ་བཅས་ཉན་པ་དང་ཆབས་ཅིག་སླད་ཕྱིན་གྱི་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་ཀྲང་ཧུང་པོ་ཚོགས་འདུར་ཞུགས་ཡོད་པ་རེད།

ཆེ་དགྲ་ལྷས། བོད་ལྗོངས་འདི་ཉིད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་དུ་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅོལ་བའི་ཐུགས་རེ་ཟབ་མོ་ཡིན་པ་དང་། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དུ་བསྐྲུན་རྒྱུ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་ཁ་གསལ་བཏོན་པའི་འབད་འཐབ་དམིགས་ཚད་ཡིན། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ཟླ་5ཚེས་1ཉིན་དངོས་སུ་ལག་བསྟར་བྱས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཀྱི་ལས་དོན་གྱི་བཀོད་སྒྲིག་ལྟར་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་དམ་པོར་དམིགས་ནས། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་འཆར་འགོད་སྒྲིག་བཟོའི་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཕྱོགས་ཡོངས་དང་གཏིང་ཟབ་རྒྱུན་རིང་ངང་སྤེལ་བ། མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

ཆེ་དགྲ་ལྷས། ཁྲིམས་བཞིན་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མགྱོགས་སུ་གཏོང་བ་དང་། “ལག་ཁྱེར་མང་པོ་གཅིག་སྒྲིལ”དང“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ” གློག་རྡུལ་ལག་ཁྱེར་སོགས་གྲོས་མོལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། “དྲ་སྦྲེལ+སྲིད་དོན་ཞབས་ཞུ”ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། སྔར་བས་མང་བའི་ཞབས་ཞུའི་དོན་ཚན་དྲ་ཐོག་ནས་གཅིག་འཐུས་སྒྲུབ་གཉེར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དྲང་གཞག་ཤེས་དཔལ་གྱི་ཁྲིམས་འཛིན་ཚད་ལྡན་དང་ནན་པོ་ཡོང་བར་བྱེད་པ་དང་སྲིད་འཛིན་དབང་ཆའི་ཐད་གཅུན་འདོམས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དྲང་སྙོམས་དྲང་གཞག་དང་ཡོངས་བསྒྲགས་ཁ་གསལ་གྱི་ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་ཏེ་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཁྲིམས་བཞིན་འདུམ་འགྲིག་ནུས་ལྡན་བྱེད་པ་དང་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”ལ་སློབ་སྦྱོང་ནན་ཏན་དང་དཔྱད་གཞིར་བཟུང་ནས་ཐབས་མང་གི་འདུམ་འགྲིག་ལམ་སྲོལ་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་སྲིད་གཞུང་གིས་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག་རང་འགུལ་ངང་འབྲེལ་གཏུག་སྙན་སེང་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལས་འགན་ཁག་འཆར་འགོད་དང་དོན་འཁྱོལ་ཡག་པོ་བྱེད་དགོས། རིམ་ཁག་སྲིད་འཛིན་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་རང་འགུལ་ངང་འདོན་སྤེལ་བྱས་ཏེ་བཅའ་ཁྲིམས་སློབ་སྦྱོང་དང་། བརྩི་སྲུང་། སྲུང་སྐྱོང་བཅས་བྱེད་པའི་མིག་དཔེ་འདོན་དགོས། ལྟ་སྐུལ་དཔྱད་ཞིབ་ལ་དམ་འཛིན་ནན་པོ་བྱས་ནས་དམངས་དོན་ཁྲིམས་གཞུང་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་ཐུབ་པར་འགན་ལེན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། རིག་རྡོར་གྱིས་ཞུས)