《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月20日

བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ།

རྡོ་ཕོ་བྲང་ཤང་གི་ཡུལ་གཞན་དུ་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་རྣམ་གྲངས་ནི་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། དེ་གར་དུད་ཚང་481གི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་མང་ཚོགས་1812བཀོད་སྒྲིག་བྱེད་རྩིས་ཡོད་པ་རེད། རྣམ་གྲངས་སྐྲུན་མཇུག་འགྲིལ་ལ་ཉེ་བའི་དུས་སུ་ལེན་ཐུང་བཀོད་སྒྲིག་བྱ་ཡུལ་གྱི་སྤྱི་ལེ་1.6ཡོད་པའི་རིམ་པ་གཉིས་པའི་གཞུང་ལམ་ད་དུང་བསྐྲུན་ཟིན་མེད་པས་དུས་ཚོད་ཛ་དྲག་ལ་ལས་འགན་ལྕི་པོ་ཡོད། འགག་རྩའི་དུས་དེར་ཧྭ་གློག་བོད་ལྗོངས་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཛ་དྲག་ངང་སྤྱི་ལེ་1.6ཡོད་པའི་རིམ་པ་གཉིས་པའི་གཞུང་ལམ་སྐྲུན་རོགས་བྱེད་པར་བསྐྱོད་པ་དང་། ཉིན་མཚན་10འབད་འཐབ་ཆེར་སྐྱེད་བྱས་པ་བརྒྱུད“དམངས་སེམས་ལ་ཕྱོགས་པའི”གཞུང་ལམ་དེ་ད་གཟོད་སྤུས་ཚད་མཐོ་པོའི་སྒོ་ནས་བསྐྲུན་ཐུབ་ཅིང་། ཡུལ་གཞན་དུ་གནས་སྤོས་ཀྱི་ལས་འགན་གང་མགྱོཌ་ལེགས་གྲུབ་ཡོང་ཆེད་འབད་བརྩོན་ཆེན་པོ་བྱས་ཡོད། འདི་ནི་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ཀྱི་བཀོད་སྒྲིག་བྱ་ཡུལ་ཡིན་པ།