《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月20日

སྤེན་པ་བཀྲ་ཤིས་ཀྱིས་རྫོང(ཆུས)ཨུད་ཀྱི་དྲིལ་བསྒྲགས་པུའུ་ཀྲང་དང་བཞུགས་མོལ་གནང་སྐབས་ནན་བཤད་གནང་བར།

དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་ཚན་རིག་དང་མཐུན་པའི་བསམ་བློའི་ལངས་ཕྱོགས་བརྟན་པའི་དར་ཆ་སྒྲེང་མཁན་ཞིག་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཟླ་6ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་དུས་ཐེངས་བརྒྱད་པའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭར་ཞུགས་མཁན་རྫོང(ཆུས)ཨུད་ཀྱི་དྲིལ་བསྒྲགས་པུའི་པུའུ་ཀྲང་དང་ལྷན་དུ་ཏང་གི་དྲིལ་བསྒྲགས་པུའུ་ཀྲང་ཡག་པོ་ཞིག་ཇི་ལྟར་བྱེད་པའི་བཞུགས་མོལ་གནང་བ་དང་འབྲེལ། འདུ་ཤེས་འཛིན་སྟངས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་ཡང་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས། རིམ་ཁག་དྲིལ་བསྒྲགས་པུའུ་ཀྲང་གིས་སྣེ་ཁྲིད་དེ་ཚན་རིག་དང་མཐུན་པའི་བསམ་བློའི་ལངས་ཕྱོགས་ཀྱི་བརྟན་པོའི་དར་ཆ་སྒྲེང་མཁན་ཞིག་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཕུགས་བསམ་དང་དད་སེམས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། ཚན་རིག་དང་ཤེས་དཔལ་གྱི་དར་ཆ་མཐོན་པོར་སྒྲེང་བ་བཅས་བྱེད་དགོས། སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་འཐབ་ས་སྲ་བརྟན་དུ་གཏོང་བའི་འཇིགས་ཞུམ་མེད་པའི་འཐབ་འཛིང་པ་ཞིག་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་མཐའ་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་དྲིལ་བསྒྲགས་ཀྱི་སིམ་འཛུལ་ལ་འགོག་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་དགོས། སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་ཤེས་དཔལ་དར་སྲོལ་གྱི་དཀའ་སྤྱད་འབད་འབུངས་མཁན་ཞིག་བྱས་ནས་རྒྱ་ཆེའི་མང་ཚོགས་ཚོར་ཚན་རིག་དང་ཤེས་དཔལ་གོང་དུ་བཀུར་བ་དང་། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སེལ་བ། ལུགས་རྙིང་སྲོལ་ངན་སྒྱུར་བ་བཅས་བྱས་ཏེ་རང་རྟོགས་ངང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་སེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། སྣེ་ཁྲིད་དེ་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་གཏམ་རྒྱུད་ཡག་པོ་གླེང་བའི་འཇོན་ཐང་ཅན་ཞིག་བྱས་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་དཔེ་མཚོན་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)