《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月20日

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་དམག་མིའི་སྨན་པས་ཆབ་མདོར་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ།

ཉ་ཆུ་ལྟར་ཟབ་པའི་དམག་དམངས་ཀྱི་བརྩེ་སེམས།

ཟླ་6ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་དུ་གནམ་གྲུ་ཞིག་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་ཆབ་མདོ་སྤང་མདའ་གནམ་ཐང་དུ་དལ་བུར་འབྱོར་བ་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་མངགས་བཅོལ་ཟབ་མོ་ལྟར། དམག་མིའི་སྨན་པ་9ཡིས་ངལ་གསོ་ཕྲན་བུ་བརྒྱབ་རྗེས་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཉིན་གཉིས་པའི་ཆབ་མདོ་གྲོང་ཁྱེར་གྱི་ལས་དོན་སྤེལ་རྒྱུར་གྲོས་བསྡུར་ཞིབ་ཕྲ་བྱས་པ་རེད།

ཟླ་6ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་དུ་འཁྲུག་ཆ་དོད་པའི་ཇ་རྟའི་ཐང་ཆེན་ཐོག“ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་ཆབ་མདོ་གྲོང་ཁྱེར་དུ་སྤེལ་བའི་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་གཞོན་པ་བྱེད་སྒོ”ཞེས་པའི་འཕྲེད་འགེལ་ཡི་གེ་ལས་མི་སེར་མང་པོའི་ཡིད་དབང་བཀུག འོས་འགན་སྨན་བཅོས་ལས་སྟེགས་བཙུགས་མ་ཐག་མི་སེར་མང་པོ་དེར་འཚང་ཁ་ཤིག་ཤིག་ངང་ནད་ལྟ་བར་ཡོང་བ་རེད།

“ས་ཆ་གང་དུ་ཡོད་རུང‘ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག’ཅེས་པའི་ཡིག་འབྲུ་དེ་དག་མཐོང་སྐབས་ངའི་སེམས་ལ་དགའ་སྣང་སྐྱེ་བ་དང་བློ་བདེ་པོ་འདུག ཁོང་ཚོ་ནི་ངའི་མིག་དཔེ་ཡིན་ལ་ངའི་སེམས་ནང་གི་དཔའ་བོའང་ཡིན”

ཞེས་ལོ་17ལ་སླེབས་པའི་བློ་བཟང་ཉི་མས་བཤད་པ་དང་། ཞོཌ་པར་སྔ་པོ་ནས་ཁོང་འོས་འགན་སྨན་བཅོས་ལས་སྟེཌ་མདུན་དུ་དམག་མིའི་སྨན་པ་ཚོའི་ཉམས་འགྱུར་ལ་ལྟ་བར་ཡོང་།

དུས་ཐུང་ཆུ་ཚོད་གཉིས་ནང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་ལྔ་པའི་སྨན་པ་དཀའ་བཅུ་པ་དགུ་པོས་ནད་པ་200ལྷག་ཙམ་ལ་ནད་གཞི་བལྟས་པ་མ་ཟད། སྒོར་ཁྲི་གཅིག་ལྷག་རི་བའི་སྨན་རྫས་ཀྱང་སྤྲད་པ་རེད།

ཚེས་10ཉིན་གྱི་ཕྱི་དྲོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་ལྔ་པའི་འདུས་འདྲིལ་གཅོང་ནད་ཚན་ཁག་གི་སྨན་པ་རབ་འབྱམས་པ་ཝུའུ་ལི་ཧུང་དང་། རུས་ནད་ཚན་ཁག་གི་གཙོ་འགན་སྨན་པ་ཝང་ལུའེ། མཆིན་མཁྲིས་ཚན་ཁག་ལྟེ་གནས་ཀྱི་སྨན་པ་རབ་འབྱམས་པ་ཤའོ་ཁྲའོ་ཧུའེ་བཅས་སྨན་པ་དཀའ་བཅུ་པ་གསུམ་གྱིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་འབྲེལ་ཡོད་སྨན་བཅོས་ཞབས་ཞུའི་ཤེས་བྱའི་འཆད་ཁྲིད་བྱས་པ་དང་སྦྲགས། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་ཡོངས་ལ་སློབ་ཚན་ཁྲིད་པ་དང་རོགས་ཁྲིད་ཀྱང་བྱས་པ་རེད། ཚེས་11ཉིན་སྨན་པ་དཀའ་བཅུ་པ་དགུ་པོས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ནད་ངོ་ཆོད་དཀའ་བའི་ནད་གཞིར་ལྷན་འཛོམས་ནད་དཔྱད་བྱས་པ་དང་། ཚེས་12ཉིན་ནས་བཟུང་རི་བོ་ཆེ་རྫོང་དང་སྟེང་ཆེན་རྫོང་སོགས་ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཚང་མར་བསྐྱོད་ནས་དུས་ཡུན་ཉིན་40ལྷག་གི་འོས་འགན་སྨན་བཅོས་དང་སྐོར་ཞིབ་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

དུས་ཡུན་ཉིན་40ལྷག་ཙམ་གྱི་འོས་འགན་སྨན་བཅོས་དང་སྐོར་ཞིབ་སྨན་བཅོས་ཀྱི་བྱེད་སྒོ་ལས་ཆབ་མདོའི་མི་སེར་ཚོར་ཕན་པ་གང་ཞིག་སྐྲུན་ཡོད་དམ།

“ང་ཚོས་ནད་ཡམས་གྲལ་བཤེར་དང་། སྨན་རྫས་སྤྲོད་པ། སྐོར་ཞིབ་སྨན་བཅོས། སློབ་ཚན་ཁྲིད་པ་དང་རོགས་ཁྲིད་བྱེད་པ། ནད་ངོ་ཆོད་དཀའ་བའི་ནད་གཞིར་ལྷན་འཛོམས་ནད་དཔྱད་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ལས་དོན་སྤེལ་བ་མ་ཟད། གཙོ་བོ་གཞི་རིམ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ‘ནད་ལྔ’གྲལ་བཤེར་བྱས་ནས་ནད་པར་མཁོ་ཆོད་པའི་སྨན་བཅོས་ཇུས་གཞི་བཟོ་བ་དང་དུས་མཚུངས། མང་ཚོགས་ཀྱི་ནད་ཡམས་སྔོན་འགོག་འདུ་ཤེས་ཟབ་ཏུ་གཏོང་བ་ཡིན”ཞེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་ལྔ་པའི་འཕྲོད་བསྟེན་ཞབས་འདེགས་པུའི་སྨན་པ་རབ་འབྱམས་པ་ཅ་ཧུང་ཅུན་གྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས“གཞན་ཡང་ཆབ་མདོ་གྲོང་ཁྱེར་གྱི་འདུས་འདྲིལ་གཅོང་ནད་ཀྱི་སྨན་མི་རྒྱུག་པའི་རང་བཞིན་གྱི་སྨན་བཅོས་ལ་དམིགས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་ད་དུང་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་སྒོར་ཁྲི་57ལྷག་རི་བའི་སྨན་རྫས་སྤྲད་ཡོད”ཅེས་བཤད།

ད་ཐེངས་ཀྱི་སྨན་པ་དགུ་པོའི་ཁྲོད་ཟགས་གཤེར་ཚན་ཁག་གི་གཙོ་འགན་སྨན་པ་གཞོན་པ་ཝང་ཤོན་ནི་ཆབ་མདོར་ཡོང་ཐེངས་དང་པོ་རེད། “ངའི་བསམ་པར་ཆབ་མདོ་ནི་དཀའ་ཚེགས་ཆེ་བ་དང་རྗེས་ལུས་ཐེབས་པའི་ས་ཆ་ཞིག་རེད་སྙམ་བྱུང་། འོན་ཀྱང་དེར་ཡོང་རྗེས་ཆབ་མདོ་ནི་རང་ཉིད་ཀྱིས་བསམ་ཚོད་བྱས་པ་དང་རྦད་དེ་འདྲ་ཡི་མི་འདུག དེར་མི་རྣམས་ཀྱི་འཚོ་བ་འབྱོར་ཕྱུག་དང་མི་སེར་ཚོའི་བསམ་པའི་ཉམས་འགྱུར་ལེགས་པ་མ་ཟད། ལྷག་དོན་དུ་ཁོང་ཚོའི་བདེ་སྐྱིད་ཚོར་སེམས་ལས་རང་ཉིད་ལ་བག་ཆགས་ཟབ་མོ་བྱུང”ཞེས་ཝང་ཤོན་གྱིས་བཤད།