《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月20日

མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་བཅོལ་དངུལ་འགན་བཅོལ་གྱི་ཞིབ་བཤེར་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་18ཉིན་གནས་ཚུལ་འབྱོར་གསལ། “དངུལ་རྩའི་བདེ་འཇགས་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བཅོལ་དངུལ་འགན་བཅོལ་གྱིས་མི་མངོན་པའི་ཉེན་ཁ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ཐག་གཅོད་བཅས་ཐུབ་ནས་དངུལ་ཁང་གི་མ་ལག་བརྟན་པོ་སྲུང་སྐྱོང་ནུས་ལྡན་བྱེད་ཐུབ”ཅེས་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དངུལ་རྩ་བརྟན་པོ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་བསོད་སྒྲོན་གྱིས་གསར་འགོད་པར་དེ་ལྟར་བརྗོད་བྱུང་།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔའི་རིང་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་ཉེན་ཁའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བཅོལ་དངུལ་འགན་བཅོལ་ལམ་ལུགས་ཁོངས་གཏོགས་ཁུལ་གྱི་ལས་དོན་ཁག་ནང་དོན་འཁྱོལ་བྱེད་པའི་ལས་དོན་དམ་འཛིན་བྱས་པ་མ་ཟད། བོད་ཀྱི་ཁོངས་གཏོགས་ཁུལ་གྱི་བཅོལ་དངུལ་འགན་བཅོལ་གྱི་ཞིབ་བཤེར་ལས་དོན་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱས་པ་རེད།

མིག་སྔའི་བར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་ཁྲིམས་མིའི་དངུལ་ཁང་ཀུང་སི་ཚང་མ་བཅོས་སྒྲིག་དང་། མ་དངུལ་འདང་ངེས་ཀྱི་གནས་ཚུལ། འཁོར་རྒྱུག་གི་གནས་ཚུལ། ཆ་འཕྲིན་མ་ལག་འཛུགས་སྐྱོང་གི་གནས་ཚུལ་སོགས་ཉེན་ཁའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་ཉེན་ཁ་ཆེ་བའི་སྒྲིག་གཞིར་དུས་ཐོག་ཏུ་ཡོ་བསྲང་གི་བྱེད་ཐབས་སྤྱད་པར་བརྟེན་གཉེར་སྐྱོང་ཉེན་ཁ་ཆུང་དུ་ནུས་ལྡན་བཏང་བ་དང་དངུལ་བཅོལ་མཁན་གྱི་ཁེ་ཕན་སྲུང་སྐྱོང་ཐུབ་སྟེ་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་མ་ལག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་ཐུབ་ཡོད།