《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月20日

ལྷ་ས་གོང་དཀར་གནམ་ཐང་T3གནམ་ཐང་བབས་ཚུགས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ།

ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གནམ་ཐང་བབས་ཚུགས་ཁུལ་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭ་ཟླ་3པར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཚུན། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལག་བསྟར་ནན་པོ་བྱེད་པ་དང་ཨར་ལས་ཀྱི་བདེ་འཇགས་ལ་དམ་འཛིན་ལྷོད་མེད་བྱས་ཏེ་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད། ཨར་ལས་ཀྱི་འཆར་གཞིའི་བླང་བྱ་གཞིར་བཟུང་། T3གནམ་ཐང་བབས་ཚུགས་ཀྱི་གནམ་གྲུ་སྒུག་སའི་ཐོག་བརྩེགས་ཁང་ཆེན་གྱི་ལས་གྲྭ་གཙོ་བོ་སྔོན་དཔག་བྱས་ན་2020ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད། 2020ལོའི་ཟླ་6པ་བར་གསར་དུ་སྐྲུན་བཞིན་པའི་གནམ་ཐང་བབས་ཚུགས་ཁང་ཆེན་གྱི་ཨར་འདམ་གྱི་གྲུབ་ཆ་གཙོ་བོ་ལེགས་གྲུབ་ཟིན་རྒྱུ་དང་། མཛེས་བཟོ་སྤུས་ལེགས་ཀྱི་ཨར་ལས་ཚན་པ་འཛུགས་སྐྲུན་བྱ་ཡུལ་དུ་སླེབས་ཡོད། གནམ་ཐང་བབས་ཚུགས་ཁུལ་གྱི་ལེ་ལག་ཚང་བའི་ཐོན་སྐྱེད་དང་འཚོ་བའི་གཞོགས་འདེགས་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཚད་50%ལེགས་གྲུབ་ཟིན་ཡོད། འདི་ནི་ཨར་ལས་བྱ་ཡུལ་ཡིན་པ།