《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

འགྲམ་འགག་སྒོ་གཉའ་ལམ་ས་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས།

འགག་སྒོའི་འཕྲོད་བསྟེན་འགོག་སྲུང་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། འགག་སྒོའི་འཕྲོད་བསྟེན་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་འཕྲོད་བསྟེན་འགོག་སྲུང་ཤེས་བྱ་དྲིལ་བསྒྲགས་བྱ་ཆེད། ཉེ་ཆར། བོད་ལྗོངས་འགྲམ་འགག་སྒོ་གཉའ་ལམ་ས་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས། འགག་སྒོའི་ཁོངས་གཏོགས་ཁུལ་དུ་འཕྲོད་བསྟེན་འགོག་སྲུང་གི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཁྲོད། མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་འགག་སྒོའི་ཁོངས་གཏོགས་ཁུལ་གྱི་ལས་བཟོའི་འཚོ་བའི་ཁུལ་ལ་ཁྱོན་ཡོངས་ནས་དུག་སེལ་བྱས་པ་དང་། འགག་སྒོའི་ཁོངས་གཏོགས་ཀྱི་ཨར་ལས་བྱེད་མཁན་ལ་སྒེར་གྱི་འཕྲོད་བསྟེན་འགོག་སྲུང་དང་། འཕྲལ་སྡོམ་སྨན་བཅོས་རོགས་སྐྱོབ། རྨང་གཞིའི་སྨན་བཅོས་ཤེས་བྱ་སོགས་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་པ་མ་ཟད། འཕྲོད་བསྟེན་སྐོར་གྱི་རྒྱུན་ཤེས་ལག་དེབ་ཀྱང་སྤྲད་དེ། འགག་སྒོའི་ཁོངས་གཏོགས་ཀྱི་ཨར་ལས་བྱེད་མཁན་ལ་ཚན་རིག་དང་མཐུན་པ་དང་། བདེ་ཐང་ཡོང་བ། འཕྲོད་བསྟེན་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་གོམས་གཤིས་བཟང་པོ་འཇགས་རྒྱུར་སྐུལ་སློང་ཧུར་ཐག་བྱས་ནས། བདེ་ཐང་དང་འཕྲོད་བསྟེན་ལྡན་པའི་འགག་སྒོའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུར་ཚང་མས་འབད་བརྩོན་བྱེད་དགོས་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་འགག་སྒོའི་འཕྲོད་བསྟེན་དང་འགོག་སྲུང་གི་ལས་དོན་ལ་མཐོང་ཆེན་བྱས་ནས། འཕྲོད་བསྟེན་ཆེད་དོན་ཚོགས་ཆུང་བཙུགས་ཤིང་། འདི་ལོ་འགག་སྒོར་འཕྲོད་བསྟེན་སྒྲོག་འགྲེལ་གྱི་བྱེད་སྒོ་ཐེངས་བཞི་སྤེལ་རིང་། འཕྲོད་བསྟེན་སྐོར་གྱི་ཤེས་བྱའི་ལག་དེབ་100ལྷག་སྤྲད་པ་དང་། འཕྲོད་བསྟེན་སྐོར་གྱི་ཤེས་བྱའི་ཤོག་བྱང་200ལྷག་བཀྲམ་པ་མ་ཟད། ཉིན་ལྟར་འགག་སྒོའི་ལས་བཟོའི་འཚོ་བའི་ཁུལ་དུ་འཕྲོད་བསྟེན་གྱི་དུག་སེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་རེད།

(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)