《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

ཟངས་རི་རྫོང་གིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཐུས་སྒོ་ཚང་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཟངས་རི་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དང་ཁྲོམ་རའི་ལྟ་འདོམས་ནུས་པ་འདོན་སྤེལ་བྱས་ནས། བཅའ་ཁྲིམས་ཁྲིམས་སྲོལ་དང་། འཛད་སྤྱོད་པའི་ཤེས་བྱ་དྲིལ་བསྒྲགས། ཁྲིམས་འཛིན་ཞིབ་བཤེར་བྱེད་སྒོ་སྤེལ་ཏེ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཐུས་སྒོ་ཚང་དུ་བཏང་བ་རེད།

ཟངས་རི་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཤང་དང་གྲོང་རྡལ་ཁག་དང་། དངུལ་ཁང་དྲ་ཚུགས། སྣུམ་སྣོན་ས་ཚིགས། སྒོ་རྩིས་ཚོང་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཀྱི་ས་ཆ་དངོས་སུ“12315”ཡི་འབྲེལ་གཏུག་ས་ཚིགས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་དང་འབྲེལ། “12315”ཡི་འབྲེལ་གཏུག་ས་ཚིགས་ཀྱི་ལས་ཀའི་འགན་འཁྲི་དང་ལས་ཀའི་ཚད་གཞི་ཁ་གསལ་བཟོས་པ། འབྲེལ་ཡོད་ཀྱི་དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་བཅས་བྱས་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)