《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

གྲ་ནང་རྫོང་གིས“བྱེད་ཐབས་ལྔ་མཉམ་སྤྱོད”བྱས་ཏེ།

ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལ་རམ་འདེཌ་བྱས་པ།

འདི་ག་ཚགས་པར་ཁང་དུ་གྲ་ནང་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ནས་བཟུང་གྲ་ནང་རྫོང་གིས་སྐོར་སྐྱོད་སྒྲོག་འགྲེལ་དང་། ཤེས་དཔལ་ཁ་ཏ་སློབ་སྟོན། མཉམ་འབྲེལ་ལྟ་བཤེར། ཁོར་ཡུག་བཅོས་སྒྲིག དང་བླངས་ཞབས་ཞུ་བཅས་བྱེད་ཐབས་ལྔ་སྤྱད་དེ་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལ་རམ་འདེཌ་བྱས་པ་རེད།

གྲ་ནང་རྫོང་གིས་དང་བླངས་པ་སྒྲིག་འཛུཌ་བྱས་ཏེ་གྲོང་ཚོ་དང་དུད་ཚང་དང་། ཞིང་ནང་དང་མུ་ཁ། སློབ་གྲྭ་འབྲིང་ཆུང་བཅས་སུ་བསྐྱོད་ནས“གཅིག་གཏད་གཅིག”དང“ངོ་འཕྲད་གདོང་ཐུག”ངང་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི་དོན་སྙིང་གལ་ཆེན་སྒྲོག་འགྲེལ་བྱས་པ་རེད། གྲོང་ཁུལ་གྱི་གཞུང་ལམ་གཙོ་བོ་དང་འགྲིམ་འགྲུལ་ལམ་མདོར་རྒྱུན་དུ་ཤེས་དཔལ་ཁ་ཏ་སློབ་སྟོན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཚོའི་ཤེས་དཔལ་འགྲོ་སྐྱོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད། འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་དུས་རྟག་ཏུ་ཞིབ་བཤེར་དཔྱད་གདེང་བྱ་ཡུལ་དུ་བསྐྱོད་དེ་ཚོང་ཁང་གིས་ལམ་བཟུང་ནས་གཉེར་སྐྱོང་དང་། འཁོར་རིགས་གང་བྱུང་དུ་འཇོག་པ། ཚོང་དུད་སྒོ་འགྲམ་གྱི“འགན་ལེན་བདུན”སོགས་འགན་འཁྲི་སྒྲུབ་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། གཟའ་འཁོར་རེའི་རེས་གཟའ་པ་སངས་ཉིན་གྱི་ཁོར་ཡུག་བཅོས་སྒྲིག་རྒྱུན་རྣམ་ཅན་གྱི་ལས་དོན་སྤེལ་བ་གོ་སྐབས་སུ་བྱས་ནས་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་འཚོ་བའི་གད་སྙིགས་དང་། སྒོ་ཕྱུགས་ཀྱི་ལུད་དང་ཁྱིམ་བྱའི་བྲུན་གཙང་སེལ་བྱས་ཤིང་། གཟན་རྩྭ་དང་བུད་ཤིང་གང་བྱུང་དུ་སྤུངས་པ་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་སྟེ་བཅོས་སྒྲིག་བྱས་པ་རེད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ལ་བརྟེན་ནས་ཤེས་དཔལ་ཡུལ་སྐོར་དང་། ཤེས་དཔལ་འགྲིམ་འགྲུལ། ཤེས་དཔལ་དྲ་ཞུགས། ཁོར་ཡུག་སྲུང་སྐྱོང་། ཁྱིམ་མཚེས་དབར་རོགས་རེས། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་། བདེ་ཐང་སློབ་གསོ། བཅའ་ཁྲིམས་རོགས་སྐྱོར་སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་དུས་རྒྱུན་དུ་སྤེལ་བ་རེད།