《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

རྒྱ་ཚ་རྫོང་གིས།

དུད་སྦྲེལ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་བཅོས་སྐྱོང་དཀའ་བའི་གནད་དོན་བསལ་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། 2019ལོ་ནས་བཟུང་། རྒྱ་ཚ་རྫོང་གིས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། ལས་ཀའི་བྱ་ཐབས་ནན་དུ་གཏོང་བ་བཅས་བྱས་པས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འཛུགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྫོང་ཡོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད།

“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འཛུགས་ཀྱི་ལས་དོན་དེ་མཉམ་འགོག་མཉམ་བཅོས་དང་། དྲ་མིག་ཅན་གྱི་དོ་དམ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་པར“ཧྥེང་ཆའོ་ཡི་ཉམས་མྱོང་”དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར་སོགས་ཀྱི་ལས་དོན་ལག་བསྟར་དོན་འཁྱོལ་བྱས་པས། འགལ་ཟླ་རྩོད་གཞི་དང་དེ་བཞིན་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་སྣ་ཚོགས་འབྱུང་རྩ་ནས་མེད་པར་བཟོས་ཞིང་། མིག་སྔའི་བར་རྫོང་ཡོངས་ཀྱི་དུད་སྦྲེལ་ཚན་པའི་མི་ཐེངས་ཁྲི་1.2རང་འགུལ་ངང་བདེ་འཇགས་སྐོར་གཡེང་ལ་ཞུགས་པ་དང་། འགལ་ཟླ་རྩོད་གཞི་ཁག་43བསལ་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་145མེད་པར་བཟོས་པ། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱ་ཡུལ་གཙོ་བོ་121བཅོས་སྒྲིག བདེ་འཇགས་ལ་གནོད་པའི་མངོན་གསལ་དོད་པའི་གནད་དོན་10བཅོས་སྒྲིག་བྱས་པ་རེད།