《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས།

བརྩེ་སེམས་ཟབ་མོ་བཅངས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད།

ཉིང་ལག་དངུལ་ཁང་དེའི་གྲོང་སྡོད་ལས་དོན་རུ་ཁག་གིས་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་གྲོང་སྡོད་བྱ་ཡུལ་དུ་མཛོ་དང་ར་གསོ་ཚགས་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་དང་། གྲོང་སྡོད་བྱ་ཡུལ་དུ་གློག་སྒུལ་རྩམ་པ་འཐག་ས་དང་། སྣུམ་བཙིར་འཕྲུལ་ཆས། ནས་བརྔོ་འཕྲུལ་ཆས་སོགས་སྒྲིག་ཆས་ཉོ་སྒྲུབ། བཟོ་ཁང་བསྐྱར་སྐྲུན་བཅས་བྱས་ཏེ་སྔར་ཡོད་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད། མ་དངུལ་སྒོར་ཁྲི་200རང་གྲབས་བྱས་ཏེ་གྲོང་སྡོད་བྱ་ཡུལ་དུ་ཆུ་གསོག་རྫིང་བུ་10གསར་སྐྲུན་དང་། ཆུ་མཛོད་རྙིང་པ་16ཉམས་གསོ་བྱས་པ་དང་ཆབས་ཅིག ཞིང་ནང་གི་ཆུ་ཡུར་རྙིང་པར་སྒྱུར་བཀོད་བྱས་ནས་སྲིད་འཛིན་གྲོང་ཚོ་5ཡི་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད། མི་གཅིག་ཀྱང་མི་ལུས་པར་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུར་དམ་འཛིན་བྱས་ཏེ་མིག་སྔའི་བར་ཉིང་ལག་དངུལ་ཁང་དེས་གྲོང་སྡོད་བྱ་ཡུལ་གྱི་དུད་ཚང་48དང་དཀའ་ངལ་ཡོད་པའི་སློབ་མ་15དང་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། རིག་སྐྱོར་ལ་བརྟེན་ནས“རང་བརྟེན”ནུས་པ་ཆེ་རུ་བཏང་ཞིང་། ལས་གནས་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད་དུས་ཐུང་ནང་མི་ཐེངས་32ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཤིང་། མི་ཐེངས་6ལས་ཞུགས་བརྟན་པོ་ཐུབ་ཡོད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)