《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོས“གཅིག་རེ་བརྒྱད”ལ་བརྟེན་ནས།

“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”གྱི་བདེ་སྐྱིད་གྲོང་ཚོ་བཏོད་པ།

འདི་ག་ཚགས་པར་ཁང་དུ་འཕྱོངས་རྒྱས་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས་“གཅིག་རེ་བརྒྱད”ཀྱི་བྱ་ཐབས་བཏོན་ཏེ“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”གྱི་བདེ་སྐྱིད་གྲོང་ཚོ་བཏོད་པ་རེད།

སློབ་སྦྱོང་རྟེན་གཞི་གཅིག་སྟེ། གྲོང་ཚོ་དེས་འཕྱོངས་རྒྱས་རྫོང་གི་ཞིང་འབྲོག་པའི་ཏང་ཡོན་སློབ་གསོའི་རྟེན་གཞིར་བརྟེན་ནས་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་ཐོབ་མཁན་རིག་འཛིན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱས་པ་དང་མིག་དཔེ་སྣེ་འདྲེན་དུ་བྱས་ནས་འབད་འབུངས་ཀྱི་སྟོབས་ཤུགས་འཕེལ་བར་བྱས་ཡོད། ཤེས་དཔལ་གྱི་སློབ་ཁང་གཅིག་སྟེ། ཤེས་དཔལ་གྱི་སློབ་ཁང་བརྒྱུད་ཉེ་འགྲམ་གྱི་མི་དང་བྱ་བ་བརྒྱུད་ནས་མང་ཚོགས་ལ་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་སློབ་གསོ་བརྒྱབ་ཡོད། དང་བླངས་རུ་ཁག་གཅིག་སྟེ། “གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་སྤྱི་མི་དང་། ཏང་ཡོན། བུད་མེད་སོགས་མི་20སྒྲིག་འཛུགས་བྱས་ཏེ་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གློག་སྐུད་ཉམས་བཟོ་དང་། ཁོར་ཡུག་འཕྲོད་བསྟེན་གྱི་གཙང་སྦྲ་བྱེད་པ། “འགན་ལེན་ལྔའི་དུད་ཚང”ལ་ལུས་སྦྱོང་ཁང་སྐྲུན་རོགས་སོགས་བྱས་ཤིང་། རང་ཉིད་ནས་འགོ་འཛུགས་པ་དང་བྱ་བ་ཆུང་ངུ་ནས་འགོ་བཙུགས་ཏེ“ལེགས་སྐྱེས་འབུལ་བ་དང་། མཛའ་མཐུན། རོགས་རེས། ཡར་རྒྱས”བཅས་ཀྱི་དང་བླངས་སྙིང་སྟོབས་བཏོད་ཡོད། རིག་གནས་སྤུས་རྟགས་གཅིག་སྟེ། ཆང་ཁྱིམ་ནས་ཆང་དང་། ཆང་ཁྱིམ་གཞིས་ཀ ཆང་ཁྱིམ་གླིང་ཁ། ཆང་ཁྱིམ་སྒོར་གཞས་སོགས་རིག་གནས་དུས་ཆེན་གྱི་སྤུས་རྟགས་བཏོད་ནས་གྲོང་གསེབ་རིག་གནས་དང་གྲོང་གསེབ་ཡུལ་སྐོར་ཕྱོགས་ཡོངས་ནས་མཉམ་འདྲེས་བྱས་ཡོད། དམངས་གཙོའི་དཔྱད་འདེམས་གཅིག་སྟེ། མང་ཚོགས་རེ་རེའི“ཤེས་དཔལ་གཉིས”འཛུགས་སྐྱོང་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། མང་ཚོགས་སྒྲིག་འཛུགས་བྱས་ཏེ་གྲོང་ཚོའི་ནང་གི་དོན་ཆེན་ལ་དམངས་གཙོའི་དཔྱད་འདེམས་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། མི་སེམས་འགུལ་བའི་གར་སྟེགས་ཟློས་གར་གཅིག་སྟེ། གཞི་རིམ་གྱི་ཕུལ་བྱུང་ལས་བྱེད་པ་རིག་འཛིན་གྱིས་རང་སྲོག་བློས་བཏང་སྟེ་མི་གཞན་བསྐྱབས་པའི་དཔའ་བོའི་བྱས་རྗེས་མངོན་པའི་གར་སྟེགས་ཟློས་གར《འགྱུར་མེད་ཀྱི་བརྩེ་སེམས》ཞེས་པར་བརྟེན་ནས་མང་ཚོགས་ཀྱི་ལས་ཞོར་འཚོ་བ་ཕུན་སུམ་ཚོཌ་སུ་བཏང་ཡོད། རིག་རྩལ་རུ་ཁག་གཅིག་སྟེ། གྲོང་ཚོ་རིམ་པའི་རིག་རྩལ་རུ་ཁག་སྟོབས་ཆེར་བཏང་ནས《བདེ་སྐྱིད་ལྡན་པའི་ཆང་ཁྱིམ》སོགས་སྤུས་རྟགས་ལེ་ཚན་བཏོད་ཡོད། སྒྲོག་འགྲེལ་རུ་ཁག་གཅིག་སྟེ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་སྤྱི་མི་གཙོ་བོར་བྱས་ཏེ་ཆང་ཁྱིམ་གྲོང་ཚོའི་རིག་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་ཏང་གི་མཛད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་བྱས་ཡོད།