《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

དམངས་ ཀྱི་ བདེ་ ཐང་ ཐམས་ ཅད་ ལས་ ལྷག

ལྷོ་ཁ་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་སྒྲིལ་གླེང་།

དམངས་ཡོངས་ཀྱི་བདེ་ཐང་འགན་ལེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐྱོད་ཅིང་། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དམ་འཛིན་བྱ་གཞིར་བྱེད་པ་དང་། བདེ་ཐང་དབུལ་སྐྱོར་དང་། ནུས་པ་ཆེར་གཏོང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བཅས་གཙོ་གནད་དུ་བཟུང་སྟེ། དམངས་ཡོངས་ཀྱི་བདེ་ཐང་འགན་ལེན་བྱེད་པའི་ལས་དོན་ཧུར་ཐག་སྤེལ་ཞིང་། བདེ་ཐང་ལྷོ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཏན་ཏིག་ཕྱིན་པ་རེད།

དམངས་འཚོའི་དགོས་མཁོ་དོན་འཁྱོལ་ཏན་ཏིག་བྱས་པ།

དམངས་ཀྱི་རེ་འདོད་ནི་སྲིད་གཞུང་གི་བསྒྲུབ་བྱའི་ལས་དོན་ཡིན། ན་ནིང་རྒྱལ་ཁབ་ཀྱིས་ལྷོ་ཁ་གྲོང་ཁྱེར་དུ་འཕྲོད་བསྟེན་རིགས་ཀྱི་རྣམ་གྲངས་28ལ་མ་དངུལ་བཏང་བའི་ནང་། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡུལ་གཞན་དུ་གནས་སྤོས་འཛུགས་སྐྲུན་རྣམ་གྲངས་དང་། མཚོ་སྣ་རྫོང་སོགས་རྫོང་4ཡི་མ་བུ་བདེ་སྲུང་སྨན་ཁང་བསྐྲུན་ཟིན་ནས་རྩིས་ལེན་བྱས་ཏེ་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མི་འབོར་བདེ་ཐང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ནང་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)12ཚུད་ཡོད། རྣམ་གྲངས་བསྐྲུན་རྗེས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་སྨན་ཁང་གི་སྤྲིན་ཚོམ་PACSམ་ལག་དང་། སྤྲིན་ཚོམ་LISམ་ལག རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་ལས་སྟེགས། གཅིག་གྱུར་གཏོང་སྤྲོད་རྩིས་རྒྱག་མ་ལག སྨན་ཁང་གི་HISམ་ལག སྨན་ཁང་གི་EMRམ་ལག་སོགས་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་དྲ་རྒྱ་ཕན་ཚུན་སྦྲེལ་མཐུད་ཐུབ་རྒྱུ་རེད།

ན་ནིང་། བུད་མེད་ཀྱི“སྐྲན་ནད་གཉིས”དབྱེ་གསེས་བརྟག་དཔྱད་དང་འགོག་བཅོས་སྐོར་གྱི་གསོ་སྦྱོང་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱིས“སྐྲན་ནད་གཉིས”ཀྱི་དབྱེ་གསེས་བརྟག་དཔྱད་ལས་དོན་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད། དབྱེ་གསེས་བརྟག་དཔྱད་བྱས་པ་བརྒྱུད་ལྷོ་ཁ་གྲོང་ཁྱེར་གྱིས“སྐྲན་ནད་གཉིས”ཏེ། མི་ཁྲི་2.75ལ་ནུ་མའི་འབྲས་སྐྲན་དང་མི་ཁྲི་2.75ལ་བུ་སྣོད་ཁ་སྦུག་གི་འབྲས་སྐྲན་གྱི་བརྟག་དཔྱད་བྱེད་པའི་ལས་འགན་ལས། མི་ཁྲི་2.56ལ་བུ་སྣོད་ཁ་སྦུག་གི་འབྲས་སྐྲན་བརྟག་དཔྱད་བྱས་ཏེ་བརྟག་དཔྱད་བྱེད་ཚད་93.2%དང་། མི་ཁྲི་2.57ལ་ནུ་མའི་འབྲས་སྐྲན་བརྟག་དཔྱད་བྱས་ནས་བརྟག་དཔྱད་བྱེད་ཚད་93.7%ཟིན་ཡོད་པ་རེད།

འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

ན་ནིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཐད་གཏོགས་ཀྱི་སྡེ་ཚན་79དབར《ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་འཛུགས་གཏོད་ལས་དོན་གྱི་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་ཅིང་། ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ནས་དམ་འཛིན་དང་། སྣེ་ཁྲིད་ཚན་པས་སྒྲིག་འཛུགས་མཐུན་སྦྱོར་གྱིས་འགན་འཁྲིའི་ཚན་པ་དང་མཉམ་དུ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལམ་སྲོལ་ཞིག་ཆགས་ཡོད།

ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་དྲིལ་བསྒྲཌ་དང་། འཕྲོད་བསྟེན། གྲོང་ཁྱེར་གྱི་ཁོར་ཡུག་ཆེད་དོན་བཅོས་སྒྲིག་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཐེངས་20སྤེལ་ཞིང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། ཕྱི་རོལ་དུ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་དྲིལ་བསྒྲགས་བྱང་བུ་འཛུགས་པ། འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་སྤྱི་ཕན་བརྡ་ཁྱབ་ཀྱི་དྲིལ་བསྒྲགས་བརྙན་ལམ་ཕབ་སྐྲུན་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་དོན་དྲིལ་བསྒྲགས་ཧུར་ཐག་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་སྦ་ར་ཁྲོམ་གཞུང་གི་ཚོང་དུད་ལི་ཆེ་གེ་མོས“དེ་གོང་སྦ་ར་ཁྲོམ་གཞུང་ནི་རྐང་ཐང་ལམ་ཞིག་ཡིན་ནའང་། རླངས་འཁོར་མང་པོ་བཞག་པས་ལམ་འགག་པ་མ་ཟད། ཚོང་ལའང་སྐྱོན་རྒྱག་གི་འདུག བཅོས་སྒྲིག་ལས་དོན་སྤེལ་བ་ནས་བཟུང་། སྣང་ཚུལ་དེ་དག་མེད་པར་གྱུར་ནས་ཚོང་ཡང་ཡག་ཏུ་ཕྱིན་སོང”ཞེས་གསར་འགོད་པར་བཤད་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་རྩེད་ཐང་གྲོང་ཁུལ་གྱི་ལམ་དུམ་དྲུག་ལ་རླངས་འཁོར་འཇོག་སའི་ཐིག་བརྒྱབ་ནས་རླངས་འཁོར་འཇོག་ས་664བཟོས་པ་དང་། གྲོང་ཁུལ་གྱི་ཟོག་རོ་ཚུར་བསྡུའི་ས་ཚིགས་3གནས་གཞན་དུ་སྤོ་རུ་བཅུག་པ། གྲོང་ཁུལ་དུ་ཤོང་ཚད་ཧྲེང་660ཡོད་པའི་འགྱིག་གི་གད་སྙིགས་བླུག་སྣོད་65དང་ཧྲེང་220ཡོད་པའི་འགྱིག་གི་གད་སྙིགས་བླུག་སྣོད་184བཙུགས་པ་རེད།

བདེ་ཐང་དབུལ་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པ།

བདེ་ཐང་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ནང་དོན་གལ་ཆེན་ཞིག་ཡིན་སྟབས། ལྷོ་ཁ་གྲོང་ཁྱེར་གྱིས་གནད་སྨིན་ཤུགས་འདོན་བྱས་ནས། མང་ཚོགས་དབུལ་པོས་སྒོ་རྩ་ནས་སྤུས་ཚད་ལེགས་ཤིང་ཕན་ནུས་ཆེ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།

བསྡོམས་རྩིས་ལ་གཞིགས་ན། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་མི་གྲངས་322539ལ་གཟུགས་པོ་བརྟག་དཔྱད་བྱས་པའི་ཁྲོད་ཞིང་འབྲོག་པ་290075དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་30832 སྒྲིག་ཚུད་གྲྭ་བཙུན་1632ཡོད་པ་དང་། གཟུགས་པོ་བརྟག་དཔྱད་བྱས་ཚད་100%ཟིན་ཡོད། གྲོང་ཁྱེར་ཡོངས་སུ་ལོ་18མན་གྱི་མི་15530ལ་ལྷན་སྐྱེས་སྙིང་ནད་ཀྱི་དབྱེ་གསེད་བརྟག་དཔྱད་བྱས་པའི་ཁྲོད། ལྷན་སྐྱེས་སྙིང་ནད་ཕོག་པའི་དོགས་གཞི་ཡོད་མཁན་122དང་གཏན་འཁེལ་བའི་ནད་དཔེ་21ཟིན་ཞིང་། ནད་པ་15ལ་རིན་པ་སྤྲོད་མི་དགོས་པར་གཤགས་བཅོས་བྱས་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། པ་ཚེ་དང་བསོད་ནམས་དཔའ་མོས་ཞུས)