《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་། དྲ་ཐོག་དྲ་ཕྱི་མཉམ་འགུལ་བྱས།

འདི་ལོ་ནས་བཟུང་རང་ལྗོངས་ཀྱིས་ལས་ཞུགས་དུས་བབ་དྲ་ཐོག་ནས་ཐད་གཏོང་བྱེད་པ་དང་། ལྗོངས་ཕྱི་ནང་གི་ལས་ཞུགས་སྲིད་ཇུས་ཁྱབ་གདལ་གཏོང་བ། རང་སྐྱོང་ལྗོངས་ཀྱི་བར་སྣང་དྲ་རྒྱའི་ལས་མི་བསྡུ་བའི་འདུ་ཚོགས་གཉེར་བ་སོགས་ཀྱི་བྱ་ཐབས་བརྒྱུད། སློབ་ཆེན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་སློབ་ཐོན་སློབ་མ་ལྗོངས་ཕྱི་ནང་དུ་ལས་ཞུགས་བྱེད་སྐབས་འཕྲད་པའི་དཀའ་ངལ་དང་དོགས་གཞི་སྣ་ཚོགས་ཐག་གཅོད་བྱས་ཏེ། ལས་ཞུགས་ཀྱི་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུའི་འགན་ལེན་བྱས་པ་རེད།

འདི་ནི་ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱེད་མཁན་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་2020ལོའི་སློབ་ཐོན་སློབ་མ་ཚོད་ལྟ་ཁང་དུ་ལས་ཞུགས་གོང་གི་གསོ་སྦྱོང་ལ་ཞུགས་པ།