《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

སློབ་ཆུང་སློབ་གྲྭའི་ནང་གི་ཤུད་འཁོར་ཚོགས་པ།

ཉེ་ཆར་ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་ཆའོ་ཏུང་ཆུས་ཚོད་ལྟའི་སློབ་འབྲིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལག་ལེན་བསྟར་བའི་སྔོན་འགྲོའི་ཆ་རྐྱེན་འོག སློབ་གྲྭའི་ཤུད་འཁོར་ཚོགས་པའི་རྒྱུན་གཏན་གྱི་སྦྱོང་བརྡར་སླར་གསོ་བྱས་ཏེ། སློབ་མའི་ལུས་སེམས་ཡངས་སུ་དང་། གཟུགས་པོའི་བྱང་ཚད་མཐོ་རུ་བཏང་བ་མ་ཟད། སློབ་གྲྭའི་འཚོ་བའང་ཕུན་སུམ་ཚོགས་སུ་བཏང་ཞིང་། འདི་ནི་ཤུད་འཁོར་རུ་ཁག་གི་རུ་མིས་སྦྱོང་བརྡར་བྱེད་བཞིན་པ།