《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

དུས་རབས་གསར་པའི་བོད་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་ཏན་ཏིག་བསྒྲུབས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལམ་ལུགས་དང་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་17ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ལས་ཁུངས་སྒྲིག་གཞི་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་པ་མ་ཟད། འབྲེལ་ཡོད་ལས་ཁུངས་སྒྲིག་གཞིའི་དོན་གནད་ལའང་གྲོས་ཞིབ་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ལས་ཁུངས་སྒྲིག་གཞི་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ། རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ། གནད་སྨིན་ཐད་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་བོད་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་པ་དང་སྒྲིག་ཁོངས་དོ་དམ་ཡག་པོ་བྱེད་པ། སྒྲིག་ཁོངས་ཡག་པོ་སྤྱོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྲ་ཞིང་བརྟན་པའི་ལམ་ལུགས་དང་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་དང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཨུ་ཡོན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཝུའུ་དབྱིང་ཅེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ལས་ཁུངས་སྒྲིག་གཞིའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན། ཏང་གིས་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་ངང་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ལས་དོན་ཁག་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ལས་ཁུངས་སྒྲིག་གཞིའི་སྡེ་ཚན་གྱིས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རང་འགུལ་ངང་བྱས་རྗེས་འཇོག་པ། རང་འགན་གཙང་སྒྲུབ། ལས་ཁུངས་སྒྲིག་གཞིའི་དོ་དམ་ནན་དུ་གཏོང་བ། ཏང་སྲིད་ལས་ཁུངས་སྒྱུར་བཅོས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། བྱ་གཞག་ཚན་པའི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། ལས་ཁུངས་སྒྲིག་གཞིའི་ཐོན་ཁུངས་ལ་སྤྱི་འདོམས་དོ་དམ་བྱེད་པ། གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པ་བཅས་བྱས་པར་བརྟེན། དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་གཅིག་ནས་ལས་ཁུངས་སྒྲིག་གཞིའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་དགོས། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་མཐའ་འཁྱོངས་བྱེད་པ་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ། ལྟེ་བའི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བྱེད་པ། དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་གོ་བ་གཏིང་ཟབ་ལེན་པ། ལས་ཁུངས་སྒྲིག་གཞིའི་ལས་དོན་ཐད་བཏོན་པའི་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པར་གོ་བ་ལེན་པ་བཅས་བྱས་ཏེ། ལས་ཁུངས་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

གཉིས་ནས་ཏང་གིས་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་ངང་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གིས་ལས་ཁུངས་སྒྲིག་གཞིར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། ལས་ཁུངས་སྒྱུར་བཅོས་དང་སྒྲིག་སྲོལ་ལམ་སྲོལ། སྒྲིག་གཞི། འགན་ནུས། སྒྲིག་ཁོངས། འགོ་ཁྲིད་ཀྱི་གོ་གནས་གྲངས་ཚད་སོགས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བཅས་བྱས་ནས།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ལས་ཁུངས་སྒྲིག་གཞིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། གསུམ་ནས་ཚན་རིག་དང་མཐུན་པ་དང་། ལུགས་མཐུན། གནད་སྨིན་བཅས་ཀྱི་སྒོ་ནས་ལས་ཁུངས་སྒྲིག་གཞི་བཀོད་སྒྲིག་བྱེད་པ་དང་། སྤྱི་འབོར་མཐའ་གཅིག་ཏུ་ཚོད་འཛིན་བྱེད་པ། གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཡག་པོ་བྱེད་པ། སྒྲིག་ཁོངས་མང་དུ་གཏོང་བའི་དགོས་མཁོར་ཞིབ་འཇུག་བྱེད་པ། ནན་ལ་དམ་པའི་སྒོ་ནས་ཚོད་འཛིན་བྱེད་པ། ལས་ཁུངས་སྒྲིག་གཞིའི་ཐོན་ཁུངས་དོ་དམ་ཡག་པོ་དང་། བེད་སྤྱོད་ཡག་པོ་བྱས་ཏེ། ལས་ཁུངས་སྒྲིག་གཞིའི་ཞབས་ཞུ་འགན་ལེན་གྱི་ནུས་པ་ནུས་ལྡན་ངང་ཆེ་རུ་གཏོང་དགོས། བཞི་ནས་ལས་ཁུངས་སྒྲིག་གཞི་ཁྲིམས་དང་སྒྲིག་སྲོལ་ལྟར་དོ་དམ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། སྒྲིག་གཞི་ནི་ཁྲིམས་ལུགས་ཤིག་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། ལས་ཁུངས་སྒྲིག་གཞིར་ཁྲིམས་དང་སྒྲིག་སྲོལ་ལྟར་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་བ། ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ། “གཏན་འཁེལ་གསུམ”གྱི་གཏན་འབེབས་ཀྱི་འགྱུར་མེད་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་ཁུངས་སྒྲིག་གཞིའི་སྒྲིག་ལམ་སྔར་བས་ནན་དུ་གཏོང་དགོས། ལྔ་ནས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྤྱི་ཡོངས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ད་ཡོད་ཀྱི་སྒྲིག་གཞིའི་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྒྲིག་གཞི་སྤྱོད་པའི་ལས་ཕྱོད་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་དང་ཤེས་ལྡན་མི་སྣ་སྤྱོད་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་ནུས་ལྡན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)