《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

སྨྱན་སྦྱོར་མཉམ་འདྲེས་ལ་དམིགས་ནས་མཉམ་ལས་ འཚོལ་ཞིབ་བྱེད་པ།

ཚེས་16ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློར་གྲྭར་སློབ་སྦྱོང་བྱེད་བཞིན་པའི་ལྗོངས་ཡོངས་ཀྱི་རྫོང(ཆུས)ཨུད་ཀྱི་དྲིལ་བསྒྲགས་པུའི་པུའུ་ཀྲང་68བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ཕེབས་ནས། སྨྱན་སྦྱོར་མཉམ་འདྲེས་ལས་དོན་སྐོར་ལ་ལྟ་སྐོར་གཟིགས་ཞིབ་གནང་བ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཚོ་དང་ལས་སྒོའི་ཚན་པ་ཁག་གི་འགན་འཁུར་བ་ཚོས་ལས་སྟེགས་དང་། ནང་དོན། གཉེར་སྐྱོང་། ཞབས་ཞུ། ལག་རྩལ། ཤེས་ལྡན་མི་སྣ་སོགས་སྐོར་ལ་པུའུ་ཀྲང་ཚོ་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། འདི་ནི་རྟོག་ཞིབ་ཚོགས་པས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་གསར་པའི་ལྟེ་གནས་སུ་འབྲེལ་ཡོད་ལས་སྒོའི་འཕེལ་རིམ་ཤེས་རྟོགས་བྱེད་བཞིན་པ།