《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

རང་ལྗོངས་ཀྱི་ཁེ་ལས་སྤྲིན་ཚོམ་ཀོང་ཀྲོའུ་ཚོང་འདུས་ལ་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་15ཉིན། བརྒྱུད་རིམ་ཆ་ཚང་དྲ་ཐོག་གི་རྣམ་པའི་ཐོག་ནས་ཐེངས་དང་པོར་འཚོགས་པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་127(གཤམ་ལ‘ཀོང་ཀྲོའུ་ཚོང་འདུས’ཞེས་བསྡུ་རྒྱུ)འགོ་ཚུགས་ཤིང་། གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་ལྗོངས་ནས་ཁྱོན་བསྡོམས་འགྲེམས་ཞུགས་ཁེ་ལས་50དང་ཐོན་རྫས་སྣ་ཁ་70ལྷག་ཙམ་སྤྲིན་ཚོམ་ཀོང་ཀྲོའུ་ཚོང་འདུས་ལས་སྟེགས་ལ་ཞུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཚོང་དོན་ཐིང་ནི་ད་ཐེངས་ཀྱི་བོད་ཀྱི་ཉོ་ཚོང་ཚོགས་པའི་སྒྲིག་འཛུགས་པ་ཞིག་ཡིན་པའི་ངོས་ནས་ཚོང་དོན་པུའུ་དང་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ཀྱི་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་མཉམ་ལས་ཁང་དང་། དམངས་གཉེར་མཉམ་སྡེབ་ཁེ་ལས། གཉིས་གཏོད་ཁེ་ལས་སོགས་ལ་ཕྱོགས་ཏེ་འགྲེམས་ཞུགས་ཀྱི་ཆ་རྐྱེན་ལྷུག་ཏུ་བཏང་བ་མ་ཟད། དབུལ་པོའི་འགྲེམས་ཁུལ་དུ་འགྲེམས་གནས་35ཁ་གསབ་བྱས་ནས་བོད་ཀྱི་ནས་ཀྱི་ཐོན་རྫས་དང་། བེ་ཤ། དབྱར་རྩྭ་དགུན་འབུ། སྤོས། རིག་གནས་གསར་གཏོད་ཐོན་རྫས། བོད་སྨན། དེ་བཞིན་བོད་སྨན་སྨན་རྒྱུ་སོགས་ཀྱི་ཐོན་རྫས“ཕྱིར་གཏོང”ལ་གོ་སྐབས་ཤིག་བཏོད་ནས་ཚོང་དོན་ཁྱབ་ཁོངས་ཀྱི་དབུལ་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་གཏིང་ཟབ་ཏུ་གཏོང་རྒྱུ་རེད།