《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月18日

ལུས་རྩལ་བྱེད་སྒོ་སྣ་མང་སྤེལ། ས་མཐོའི་སློབ་གྲྭར་སྤྲོ་སྣང་རྒྱས།

↑འདི་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་རྔ་པ་རྫོང་མི་རིགས་ཞག་སྡོད་ལམ་ལུགས་སློབ་ཆུང་གི་སློབ་མ་ཚོས་ལུས་རྩལ་སློབ་ཚན་ཐོག་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།

↑འདི་ནི་སློབ་མ་ཚོས་ལུས་རྩལ་སློབ་ཚན་ཐོག་ལན་ཆིའུ་སྤོ་ལོ་བླུགས་སྟངས་སྦྱོང་བཞིན་པ།

← འདི་ནི་སློབ་མས་ལུས་རྩལ་སློབ་ཚན་ཐོག་རྐང་རྩེད་སྤོ་ལོ་རྒྱག་སྟངས་སྦྱོང་བཞིན་པ།

↑འདི་ནི་སློབ་མས་ལུས་རྩལ་སློབ་ཚན་ཐོག་ལན་ཆིའུ་སྤོ་ལོ་བླུགས་སྟངས་སྦྱོང་བཞིན་པ།

ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡིས་སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ། སློབ་གྲྭའི་ལུས་རྩལ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སློབ་མ་ཚོར་ལུས་རྩལ་ལ་དགའ་ཞེན་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་གྱིས་ལུས་རྩལ་གྱི་གོམས་གཤིས་ཡག་པོ་འཇགས་པར་བྱས་ནས་ཁོང་ཚོར་ལུས་རྩལ་སྦྱོང་བརྡར་ཁྲོད་སྤྲོ་སྣང་ལོངས་སྤྱོད་ཐུབ་པ་དང་། གཟུགས་གཞི་ཐང་དུ་འགྲོ་བ། མི་གཤིས་ལེགས་སུ་འགྲོ་བ། བསམ་བློར་ཞུན་བརྡར་ཐེབས་པ་བཅས་ཡོང་བར་བྱས་ཡོད། ཀྲོའུ་དེའི་སློབ་གྲྭ་ཁག་གིས་སློབ་གྲྭའི་སྐྱིད་སྣང་དོད་པའི་ལུས་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། སློབ་མ་ཚོ་ཉིན་ལྟར་ཆུ་ཚོད་གཅིག་ཁང་ཕྱིའི་ལུས་རྩལ་བྱེད་སྒོར་ཞུགས་རྒྱུ་ཡོད་པར་བྱས་ནས་སློབ་མ་ཚོར་ལུས་རྩལ་གྱི་རྩལ་ནུས་གཉིས་ཁོང་དུ་ཆུད་ཐུབ་པའི་འགན་ལེན་བྱས་ཡོད། 2020ལོར་ཀྲོའུ་དེའི་དམའ་འབྲིང་གི་སློབ་ཐོན་སློབ་འཕར་གྱི་ལུས་རྩལ་ཡིག་རྒྱུགས་ཀྱི་སྦྱངས་འབྲས་སྐར་གྲངས་ཀྱི་བསྡོམས་འབོར་དེ་སྔོན་གྱི་སྐར་མ་30ནས་70བར་འཕར་ཡོད།